R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༣༩༨
[A:༣༩༨]མ། ཛམྦྷ་ལ་དམར་པོ། འཕྲན་མེན་འཁོར་ལོ་གསུམ་མ། ཁང་སེལ་ར་དམ་མ། ངག་མནན་རང་འོག་མ། རང་བཤེད་སྡེ་བརྒྱད་གནད་འཁོར། གསང་བའི་སྒྲུབ་ཐབས་རྩ་བ། ལས་བཞིའི་སྦྱིན་བསྲེག སྐུ་སྒྲུབ་རྩ་བ། དེའི་ལས་བྱང༌། སེར་ཕུར་གྱི་ལས་ཉེར་གཅིག ཀླུ་གཏེར་གཞུག་པ། ཀླུ་རྟེན་སྤོ་བ། བྱད་འགྲེལ། ཀླུ་གཏའ་བསྡམ་པ། ཆར་ཆོག ཀླུའི་གདོན་འགྲོལ། གསུང་སྒྲུབ་རྩ་བ། ཀླུ་གསད་པ། ཡུངས་ཀར་ལས་མཐའ། སེང་ཕུར་ལས་མཐའ། རལ་གྲིའི་ལས་མཐའ། རྫས་ངན་ལས་མཐའ། འཁོར་ལོའི་ལས་མཐའ། ངན་ཐབས་ལས་མཐའ་འོ། །ཐུགས་སྒྲུབ་རྩ་བ། གསང་བ་ཐུགས་ཀྱི་ཕུར་གཅིག་མ། གདབ་ལས། ལས་བྱང༌། ཚོགས་ལས། ཕྱག་རྡོར་དྲིལ་སྒྲུབ། ལྕོག་བརྡུངས་དུག་གི་སྤུ་གྲི། ཡོན་ཏན་གྱི་སྒྲུབ་པ། ཕྲིན་ལས་ཀྱི་སྒྲུབ་པ། སྒྲུབ་ཆེན། དབང་ཆོག ཁྱུང་གི་སྒྲུབ་པ། ཁྱུང་གི་ལས་སྦྱོར་རྣམས་ཀྱི་ལུང་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། གསང་བདག་ཕྱག་ན་རྡོ་རྗེ། སློབ་དཔོན་པད་མ་འབྱུང་གནས། པདྨ་ལས་འབྲེལ་རྩལ། ཤོའི་སྤྲུལ་སྐུ་ལེགས་ལྡན་པ། ཆོས་རྗེ་ཀརྨ་པ་རང་བྱུང་རྡོ་རྗེ། སྤྲུལ་སྐུ་ཤཱཀྱ་པྲ་བྷ། བླ་མ་བྱ་བཏང་བ། བླ་མ་དགེ་འདུན་བཟང་པོ། རྒྱལ་སྲས་ཨུ་རྒྱན་ཚེ་དབང༌། ཡེ་ཤེས་དཔལ་བཟང་པོ། བློ་བཟང་དཔལ་འབྱོར། ཆག་རིན་ཆེན་ཆོས་རྒྱལ། རྗེ་བླ་མ། དེས་བདག་ལའོ།། ༈ །དཔལ་གསང་བ་སྙིང་པོའི་རྒྱུད་ཀྱི་ལུང་སྔ་ནས་གཞན་དུ་ཞུས་ཟིན་ཞིང༌། དེའི་འགྲེལ་པ་སྤར་ཁབ་ཞེས་པའི་བཤད་བཀའི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྒྱལ་བ་རིགས་ལྔ། གསང་བདག་ཕྱག་ན་རྡོ་རྗེ། སློབ་དཔོན་ཀུ་ཀུ་རཱ་ཛ། རྒྱལ་པོ་ཛ། སིངྷ་རཱ་ཛ། ཨུ་བ་རཱ་ཛ། སྲས་མོ་གོ་མཱ་པ། ཀུ་ཀུ་རཱ་ཛ་གཉིས་པ། རོ་ལངས་བདེ་བའི་དངོས་གྲུབ། རྡོ་རྗེ་བཞད་པ། ཟ་ཧོར་གྱི་རྒྱལ་པོ་པྲ་ཧསྟི། སློབ་