R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༣༩༩
[A:༣༩༩]དཔོན་སངས་རྒྱས་གསང་བ། བི་མ་ལ་མི་ཏྲ། སྨ་རིན་ཆེན་མཆོག དེས་གཙུག་རུ་རིན་ཆེན་གཞོན་ནུ་དང༌། གྱོ་རེ་མཆོག་སྐྱོང་ལ། དེ་གཉིས་ཀྱིས་དར་རྗེ་དཔལ་གྱི་གྲགས་པ་དང༌། ཞང་རྒྱལ་བའི་ཡོན་ཏན་ལ། དར་རྗེའི་ལུགས་ལ་ཡོངས་གྲགས་པ་དང༌། ཞང་གི་ལུགས་ལ་མཆིམས་ཕུ་ལུགས་ཞེས་གྲགས། ཞང་རྒྱལ་བའི་ཡོན་ཏན་ལ། སྣུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེ། སོ་ཡེ་ཤེས་དབང་ཕྱུག ངབ་ཐུང་བྱང་ཆུབ་རྒྱལ་མཚན། སྐོང་བཙུན་ཤེས་རབ་ཡེ་ཤེས། ར་ཐུང་ཤེས་རབ་ཚུལ་ཁྲིམས། ཉང་ཤེས་རབ་མཆོག ཉང་ཡེ་འབྱུང༌། ལྷ་རྗེ་འུག་པ་ལུང་པ། ཡང་སྣུབས་སངས་རྒྱས་ཡེ་ཤེས། ཁུ་ལུང་ཡོན་ཏན་རྒྱ་མཚོ། སྲས་ཡེ་ཤེས་རྒྱ་མཚོ། ཉང་ཤེས་རབ་མཆོག ཉང་ཡེ་ཤེས་འབྱུང་གནས། ཟུར་པོ་ཆེ་ཤཱཀ་འབྱུང༌། ཟུར་ཆུང་པའམ་བདེ་གཤེགས་རྒྱ་བོ་བ། དེས་སྲས་སྒྲོ་ཕུག་པ་ཤཱཀྱ་སེང་གེ དེ་ལ་གཙང་པ་བྱི་སྟོན་དང༌། སློབ་དཔོན་ཉེ་སྟོན། དེ་གཉིས་ལ་གཙང་ནག་འོད་འབར། དེ་ནས་མེ་སྟོན་མགོན་པོ། བླ་མ་པྲོ། དཔག་ཤི་ཤཱཀ་འོད། རྟ་ནག་བདུད་འདུལ། མདའ་ཤཱཀྱ་འཕེལ། ཟུར་ཕུག་པ་བྱམས་པ་སེང་གེ འཇམ་དབྱངས་བསམ་གྲུབ་རྡོ་རྗེ། སྒྲོལ་མ་བ་སངས་རྒྱས་རིན་ཆེན། རྒྱལ་མཚན་དཔལ་བཟང་པོ། མི་འགྱུར་བརྟན་པའི་རྡོ་རྗེ། མགོས་ལོ་ཙཱ་བ་གཞོན་ནུ་དཔལ། རྗེ་བླ་མ། དེས་བདག་ལའོ།། ༈ །།སྒྱུ་འཕྲུལ་ལམ་གྱི་རིམ་པའི་བཤད་བཀའི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། ལག་ན་རྡོ་རྗེ། རྒྱལ་པོ་ཛ། ཀུ་ཀུ་རཱ་ཛ། ཨིནྡྲ་བྷུ་ཏི། སིངྷ་རཱ་ཛ། ཨུ་པ་རཱ་ཛ། གོ་མ་པ། སློབ་དཔོན་སངས་རྒྱས་གསང་བ། གཉགས་ཛྙཱ་ན་ཀུ་མཱ་ར། སོག་པོ་དཔལ་གྱི་ཡེ་ཤེས། སྣུབས་སངས་རྒྱས་ཡེ་ཤེས། འབྲེ་ཁྲོ་ཆུང་པ། ཟུར་པོ་ཆེ་ཤཱཀ་འབྱུང༌། ཟུར་ཆུང་ཤེས་རབ་གྲགས། ཉ་ཚལ་བ་ཤཱཀྱ་བྱང་ཆུབ། རྗེ་སྒྲོ་ཕུག་པ། ཉེ་སྟོན་