R14: རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་རྣམ་ཐར་ཞལ་གསུང་མ།

  • Pagination (Witness A): ༥༩
[A:༥༩]གྱིས་བསྟན་ཏེ། ད་ལྟ་སྒམ་འདི་ན་བཞུགས་ཏེ་ཡི་གེ་ཤར་མ་ལ་རྩ་བ་མཚལ་གྱིས་བྲིས་པ་ཅིག་འདུག་པ་དྲན། བགྲེས་པོ་དེ་འདས་པའི་རོ་ཡང་དེ་ཉིད་ན་བཞག་འདུག་པ་སྙམ་བྱེད། སྤྱིར་སྐྱེ་བ་བདུན་ཙམ་དྲན་ནོ། །བྱས་པ་རྨིས་པ་དེ་ཁམས་པ་སྦལ་སྟོན་གམ་ན་འདུག་པས་གསུངས་པ་རྣམས་ཐོས་སོ། །དེ་ནས་མནལ་སད་པ་དང༌། སྦལ་སྟོན་ན་རེ་འདི་འདྲ་གསུང་གིན་གདའ་བྱས་པས་དཔེ་གཡེངས་པས་པོ་ཏི་འདུག །ཚིགས་བཅད་མི་འདུག་གསུངས། གཅུང་པའི་དེ་སྡོག་སྟོན་སྦུ་གུ་བྱ་བ། བླ་ཆེན་གྱི་ཚད་མ་དང་དབུ་མའི་སྟོང་ཐུན་ཆེན་མོ་བྱ་བ་གསན་པའི་སློབ་དཔོན་ཅིག་ཡོད་པ་དེ་འདས་ནས་དེའི་དཔེ་ཆ་ཁུར་གཅིག་ས་སྐྱར་བསྐྱལ་ཞེས་ཨ་པོ་དར་མ་ལྕམ་ཟེར་རོ། །ཡང་དགུང་ལོ་སུམ་ཅུ་སོ་བདུན་ལོན་པའི་དུས་ན་ཐོ་རངས་མནལ་དུ་སོང་བའི་ཚེ། སློབ་དཔོན་རིན་པོ་ཆེ་སྐུ་གཤེགས་ནས་རིང་པོར་མ་ལོན་པའི་གདུང་གསེབ་ནས་སྤྲང་པོ་ཆེའི་སྐད་ལྟ་བུའི་སྒྲ་ཅིག་པར་སྣང་ལ་འཐོན་ནས། ཁྱོད་འདི་ནས་བྱང་ཕྱོགས་སུ་འཇིག་རྟེན་གྱི་ཁམས་དུ་མ་འདས་པ་ན། འཇིག་རྟེན་གྱི་ཁམས་གསེར་འདོག་ཅན་ཞེས་བྱ་བར་དེ་བཞིན་གཤེགས་པ་གསེར་འོད་རྣམ་པར་རྩེན་པའི་རྒྱལ་པོ་ཞེས་བྱ་བའི་བསྟན་པ་ལ། ད་ལྟ་འཁོར་ལོས་སྒྱུར་བའི་རྒྱལ་པོ་བསོད་ནམས་མཐའ་ཡས་ཞེས་བྱ་བའི་སྲས་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡོན་ཏན་མཐའ་ཡས་ཞེས་བྱ་བར་འགྱུར་རོ་ཞེས་སྒྲ་གྲག་གོ་ཅེས་གསུང༌། ཡང་དགུང་ལོ་ཞེ་དགུ་བཞེས་པའི་དུས་ན་རུ་མཚམས་སུ་སྔ་རེས་བྱོན་པའི་མནལ་ལམ་དུ། རི་ཆེན་པོ་ཅིག་གི་འདབས་ན། ཁང་པ་ཆེན་པོ་ཅིག་གི་འོག་ན། མི་མང་པོ་ཀུ་ཅོ་དང༌། ཟིང་ལོང་དང༌། འུར་སྒྲ་དང༌། ཚེག་སྒྲ་དང༌། ངུད་མོའི་སྒྲ་གྲག་པ། སྟེང་ཁང་ན་ཡང་མང་པོ་འདུག་པའི་གསེབ་ན་རྗེ་བཙུན་རང་ཡང་འདུག་པ་ལ། གཞན་དུ་གཤེགས་པར་བཞེད་པས། དེ་ནས་བླ་མ་ཆེན་པོས་ཁྱོད་ལ་ལམ་གྱི་ཡི་གེ་བསྟན་གྱིས་གསུངས་ནས་དབང་བཞི་