[A:༦༠]པའི་ལམ་བསྟན། སློབ་དཔོན་རིན་པོ་ཆེ་ལ་ཞུས་པས་ཀྱང་དབང་བཞི་པའི་ལམ་བསྟན་ནས་ཁོང་གཉིས་མི་སྣང་བར་གཤེགས་སོ། །དེ་ནས་མི་དེ་རྣམས་ལ་རྗེ་པས་ཁྱེད་རང་སྲིད་པའི་རྒྱ་མཚོ་ལས་ཕ་རོལ་དུ་འགྲོ་བ་ཡོད་ན་ངའི་ཟླ་ལ་ཤོག་ཅིག །ལམ་རྒྱུས་ང་ལ་ཡོད་པ་ཡིན་ནོ་ཞེས་གསུངས་ནས། རི་དེའི་ནུབ་ངོས་འཕྲེད་ཅིག་ལ་བྱོན་པ་དང༌། མི་དེ་རྣམས་ལངས་ནས་ང་ཅན་དུ་འགྲོ་ཟེར་ནས་ཕལ་ཆེ་བ་རྗེ་བཙུན་པའི་ཕྱི་ན་ཡར་བྱུང༌། ཤུལ་དུ་བག་ཙམ་ལངས་ནས་དེ་ཉིད་སྤུང་ངེ་ལུས། དེ་ནས་ལམ་ཡངས་པ་ཅིག་འདུག་པའི་འོག་ན་གཡང་ས་ཆེན་པོ་ཅིག་འདུག་པ་ལ་བྱང་ངོས་སུ་ཞལ་གཟིགས་ཏེ་བྲག་ཐེམ་པ་གཅིག་ལ་འཛེགས་ཏེ་འདི་ན་ཡར་ཤོག་གསུངས་པས་བརྒྱ་རྩ་ཙམ་ཕྱི་ན་ཡར་བྱུང༌། གུང་སྟོན་ཉག་པོ་ལ་སོགས་པ་ཁ་ཅིག་ནུབ་ཕྱོགས་ཉིད་ན་ཕར་ཉེད་གུང་ཐང་དུ་འགྲོ་ཟེར་ནས་སོང༌། མང་པོ་ཅིག་ངེད་ཀྱིས་མི་ཐར་ཟེར་ནས་དེ་ཉིད་དུ་ཕུང་ངེ་ལུས། མི་དེ་རྣམས་ཀྱི་ནང་ནས་ཕྱག་རྒྱ་ཆེན་པོ་བྱ་བ་ཅིག་རྦབ་ཏུ་ལྷུང་ཟེར་ནས། ཁོ་བོས་མ་ཤིའམ་བྱས་པས་མ་ཤི་ཙམ་བྱུང་ལགས་ཟེར། དེ་ནས་མི་དེ་རྣམས་ལ་ད་ཁྱེད་རང་རྣམས་ངའི་ཕྱི་ ན་ཡར་ཁྲིད་ཀྱིས་གསུངས་ནས་དབང་བཞི་པའི་ལམ་གསུངས་སོ། །དཔོན་གཡོག་རྣམས་ཐོན་པའི་བྱང་ངོས་ན་རི་ཟུར་གཟུགས་པོ་ཅིག་འདུག །ཤར་ཕྱོགས་ན་རི་ཐང་ཉག་ཅིག་འདུག་པ་ལ། འདི་ན་ལམ་གཉིས་ཡོད་པའི་བྱང་གི་འདི་བླ་ཆེན་གྱིས་བྱང་ཆུབ་སེམས་དཔའ་སྟག་བཏང་བའི་ལམ་ཡིན། ཤར་གྱི་འདི་ཞུས་བྱས་དངོས་གྲུབ་བཏང་བའི་ལམ་ཡིན་པས་ཁྱེད་རང་བྱང་གི་ལམ་འདི་ནས་འགྲོ་བར་འདོད་པ་ཡོད་ན་སོང༌། ངའི་འདི་ལ་མི་ཐར་བས་ཤར་གྱི་ལམ་འདི་ནས་འགྲོའོ། །ཁྱེད་རང་འོང་བ་རྣམས་ཀྱང་ཤོག་གསུངས་པས། བྱང་ཆུབ་སེམས་དཔའ་སྟག་གི་ལམ་ནས་འགྲོ་བ་མ་བྱུང་ནས་བཞི་པའི་ལམ་བསྟན། དེ་ནས་རྗེ་བཙུན་ཉིད་ཀྱིས་བྲག་གི་ཐེམ་པ་དེ་ལ་འཛེགས་ནས་འདི་ནས་ཡར་ཤོག་གསུངས་པས། སུམ་