[A:༦༡]ཅུ་སོ་ལྔ་དྲུག་ཙམ་བྱུང་བ་ལ་སུམ་ཅུ་ཙམ་གྱིས་ཅུང་ཟད་ཅིག་ལས་མ་ཐར་བ་ལ་བཞི་བའི་ལམ་བསྟན་ནས་ཕྱི་ན་ཡར་ཤོག་གསུངས་ཏེ། སྐུ་རགས་དང་འོག་གོས་མེད་པར་ན་བཟའ་རལ་གུ་དང་ཐེར་མ་རྐྱང་པ་ཡང་ངེ་བ་ཅིག་གསོལ་ཏེ། ངོ་ཤེས་པ་དགའ་སྟོན་རྡོ་རྗེ་གྲགས་དང༌། དེ་མིན་བཞི་ཙམ་གྱིས་རྗེ་བཙུན་གྱི་ཞབས་ལ་སླེབས་ནས། གོས་རྐྱང་པ་རེ་དང་བཅས་པ་འདུག །དེ་ནས་ཐང་ཉག་དེའི་སྟེང་ན་ས་ཕྱོགས་ཤིན་ཏུ་ཉམས་དགའ་བ་ཅིག་ཡོད་དོ་དགོངས་ནས་ཐང་ཉག་དེར་སླེབས་པ་དང་མནལ་སད་ནས། དེ་རྣམས་ཀྱི་དོན་བསམ་པས་ཁང་པའི་འོག་གི་དེ་རྣམས་སྲིད་པའི་རྒྱ་མཚོ་ཡིན་ཏེ་འོང༌། སྟེང་ན་འདུག་པ་དེ་རྣམས་སྤྱིར་འཁོར་ཙམ་དུ་འདུས་པ་རྣམས་ཡིན་བསམ། ལངས་ཏེ་འདུག་པ་དེ་རྣམས་དབང་བསྐུར་ཙམ་བྱས་པ་རྣམས་ཡིན་སེམས། གུང་ཐང་དུ་སོང་བ་དེ་རྣམས་འཁོར་བ་ལས་ཅུང་ཞིག་མི་ཐོན་ལ། རྦབ་ཏུ་ལྷུང་བ་དེ་ཁོང་ང་ལ་ཁྲོས་ནས་དམ་ཚིག་ཉམས་ཤིང༌། མ་ཤི་ཟེར་བ་དེ་ཁོ་འཆི་ཁར་དམ་ཚིག་གསོས་ནས་ངན་སོང་དུ་མི་ལྷུང་བ་ཡིན་བསམ། ལམ་ཀར་ལུས་པ་དེ་རྣམས་ཀྱིས་ལམ་ལ་འབད་སྩོལ་ཅུང་ཟད་བྱས་པ་ཡིན་ཏེ་འོང༌། ལམ་གཉིས་པའི་ཁར་བདུན་ཅུ་ཙམ་ལུས་པ་དེ་རྣམས་རྟོགས་པ་ཅུང་ཟད་དང་ལྡན་པ་ཡིན་པར་སེམས། སུམ་ཅུ་ཙམ་གྱིས་ཅུང་ཟད་ཅིག་ལ་མ་ཐར་པ་དེ་རྣམས་སྔ་མ་བས་ཀྱང་རྟོགས་པ་ཆེ་བ་ཡིན་ཏེ་འོང༌། ངའི་ཟླ་ལ་སླེབས་པ་དེ་རྣམས་ཀྱིས་ཕ་རོལ་ཏུ་ཕྱིན་པ་ནས་བཤད་པའི་བཟོད་པ་ཙམ་ཐོབ་པ་ཡིན་ཏེ་འོང༌། སྟག་ལྟ་བུ་ལུས་མ་སྤངས་པར་མཆོག་ཐོབ་པའི་སློབ་མ་མི་འོང་བར་དཔྱད། ཞུ་བྱས་ལྟ་བུའི་བཟོད་པ་ཐོབ་པ་ལྔ་དྲུག་ཡོང་བར་འདུག །ང་རང་ཡང་དེ་དག་དང་མཉམ་པ་ཙམ་ཡོང་བར་འདུག་སྙམ་གསུངས། ཡང་དགུང་ལོ་དྲུག་ཅུ་རྩ་གཅིག་པའི་ཚེ་མང་མཁར་སླང་རར་དགུན་བཞུགས་པའི་དུས་སུ་ཐོ་རངས་མནལ་ལམ་དུ་ནམ་མཁའ་ལ་གདུང་ཅིག་བརྐྱང་ནས་འདུག་པ་ལ། སྐས་ཅིག་