R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 128
[A:128]རིང་བསྡད། རོང་ཕྱོགས་ཀྱི་བླ་མ་ཆེན་པོ་སོངས་པ་སྐུ་མཆེད་སོགས་སྐུ་དྲག་དཔག་མེད་འདུས་པ་དང། དོལ་ཕྱོགས་ནས་ཀྱང་བ་ལུང་སྙིང་རྗེ་ཅན་གྱིས་གཙོ་མཛད། བླ་མ་སློབ་དཔོན་ཆོས་དོན་གཉེར་གྱི་དད་འདུས་བསམ་གྱིས་མི་ཁྱབ་པ་ལ་གཙོ་བོར་ནུ་གུའི་གནད་ཉེ་བར་དྲིལ་བའི་བསྡུས་པ་ལྟར། སྨིན་བྱེད་སྒྱུ་ལུས་དབང་མོ་ཆེའི་ཆོས་སྒོ་ཕྱེ་ནས་ཆོས་དྲུག་སོ་སོའི་བཀའ་དྲུག་དང་ཁྲིད་དྲུག་སྤེལ་བའི་གདམས་ངག་དབང་དང་འགྲེལ་བའི་ཡིད་ཚིམས་པར་བགྱིས། གཞན་ལ་སོ་སོའི་ཞེ་འདོད་ལྟར་དབང་ལུང་ཉིན་མཚན་བར་མ་ཆད་པའི་ཆོས་འཆད་ལེ་ལོ་མེད་པ་དང། རྒྱུན་གྱི་ཁ་ཏོན་སྒྲོལ་མ་བརྒྱ་རྩ་སོགས་ལས། སོས་དལ་གྱི་རྣམ་པ་སྐད་ཅིག་མ་བསྟེན། དེར་ཡང་མ་ཎི་དུང་འགྱུར་རང་གི་ལྕེ་ཐོག་ནས་འདོན་པ་དང། གཞན་ཡང་བསྐུལ་ནས་འཇུག་མི་སོགས་སྟོབས་ཆེ་བ་བྱུང་མཚམས་སླར་ལོག། རྣམ་རྒྱལ་དུ་ཨ་མའི་རྩར་ཟླ་ཕྱེད་ཙམ་བསྡད་རིང། བརྩེ་ལྷག་གི་ཕན་སེམས་ཆེན་པོས་སྙིང་བསྐུལ། ནི་གུའི་སྒྱུ་ལུས་དབང་མོ་ཆེ་ཉིད་ལ་ཆོས་དྲུག་གོས་བཀའ་རྣམས་ཚང་མའི་བྱིན་རླབས་གནད་འདུས་ཀྱི་ཆོས། དོན་མཐིལ་དུ་བསྟན་པའི་ཤིན་ཏུ་བསྡུས་པ་ལྟར་དམིགས་ཆེན་དམིགས་ཕྲན་སོ་སོར་ཕྱེ་ནས། དམིགས་ཆེན་བྱང་ཆུབ་སྒྲུབ་ལམ་གཟེར་བུ་བཅུ་བདུན་དུ་སྡོམས། དེ་ཉིད་ཅིང་ཉིན་ཞག་ཕྲུག་གཅིག་གི་རྣལ་འབྱོར་ལ་ཕན་ཚུན་མ་འདྲེས་པར་ཁོ་མོར་ཉམས་སུ་ལེན་པའི་སྲོག་རྩ་བྱིན་པས། དྲིན་ཅན་གྱི་མ་དེ་ཤེས་རིག་ཤིན་དུ་དྭངས་ཤིང་གསལ་ཆ་ཆེ་བར་འདུག་པས་ཐར་པའི་སྣེ་ཟིན་པའི་གོ་མྱོང་ལྷུག་པར་སྐྱེས། ཕྱིས་ཨ་མ་གཤེགས་ཁར་ལས་ངན་ཅན་བདག་བྱ་དཀའི་སྒྲོག་འཆུག་མེད་ཞིག་གིས་བསྡམས། སྔས་མགོར་སླེབ་པའི་སྐལ་བ་མ་བྱུང་ཡང། རྩ་ན་ཡོད་