R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 129
[A:129]པའི་ནད་གཡོག་པ་རྣམས་ལ། བུ་ཆོས་རྗེ་དང་མ་མཇལ་ཀྱང་ཁོང་གིས་བྱིན་པའི་གདམས་ངག་བརྗེད་པ་མེད། དབུགས་འགྲོ་ཁར་ཁྱེད་རྣམ་པས་ཨ་ཞེས་སྒྲ་ཆེ་བ་vc: ཆེབ?ཐོས་ངེས་པ་རྣ་བར་ཐོས་ཟེར། ཆགས་མེད་ཀྱི་སྤོབས་པ་བཟང་པོ་དང་བཅས་བཞུད་འདུས་པས་རང་ཡང་ངོ་མཚར་སྐྱེས། ས་རྟེན་ལ་ཚེམས་གཅིག་བསྲེགས་པ་ལས་རིང་བསྲེལ་མུ་ཏིག་གི་བརྡོག་མ་ལྟ་བུའི་འདོད་ཆགས་བསྙོན་མེད་དུ་འཁྲུངས་ཤིང། ཨ་མ་དེ་ངེས་པར་མི་ལས་འདས་པའི་ཌཱ་ཀི་མ་ཅིག་ཡིན་སྙམ་པའི་ངེས་ཤེས་ཁྱད་པར་ཅན་སྙིང་ལ་བྱུང་ངོ༎ དེ་ནས་རིམ་གྱིས་མ་ཡི་ཁྱིམ༎ རྣམ་པར་རྒྱལ་བའི་ཁང་བཟང་དེར༎ སྨིན་དྲུག་ཅན་གྱི་རིགས་ལྡན་མ༎ ཆགས་བྲལ་ཕྱོགས་ཀྱི་དགའ་སྟོན་མཐར༎ གསེར་མདོག་ཆོས་གོས་འཛིན་པ་ཡི༎ བུ་དང་ལས་ཅན་མ་ལ་དག༎ འདུད་ཅིང་རབ་དགའི་དབང་གྱུར་ལ༎ བུ་ཡི་ངུར་སྨྲིག་སཾ་གྷ་ཙི༎ ལེགས་བགོས་མ་ཉིད་ལུང་བསྟན་པ༎ བཛྲ་ཛོ་ཀི་ནི་ཞེས་པའི༎ ཨཱརྱ་ཏཱ་རེའི་ངོ་བོ་ཅེས༎ སྙིང་ནས་ཡིད་ཆེས་ལྡན་པའི་ཚིག༎ གཞོམ་མེད་ན་དར་རབ་གྲགས་པ༎ ངོ་མཚར་ལས་ཀྱང་ངོ་མཚར་ཏེ༎ ཚོགས་བརྗོད་འོས་པ་མིན་པའི་གཏམ༎ དབུགས་འབྱིན་རྙེད་པ་བཞི་པའོ༎ དེར་མ་རྒན་ལུས་ཀྱི་སྒྲོམ་བུ་ཆོས་སྟོན་གྱི་བདུད་རྩིས་སྨིན་པར་བགྱིས་ནས་ཕུ་ཕག་ཏུ་དུས་ཆོས་ཀྱི་ལམ་འབྲས་ཤིན་ཏུ་མྱུར་བ་མ་ཆག་ཙམ་ཞིག་བཤད། དགུན་ནས་དཔྱིད་སོས་བར་བྲག་སྟེང་གི་རང་ཤོང་སྤྱིལ་བུ་ཉིད་དུ་ཡང་དག་འཇོག་གི་རྣལ་འབྱོར་ལྷུར་ལེན་པ་ལ་གཡེལ་བ་མེད་པའི་ངང་ནས། ཕྱོགས་བཅུ་ནས་འདུས་པའི་སྲིད་ཞུ་བ་གཅིག་རྗེས་གཅིག་གིས་འཕྲོད་པའི་རྒྱུན་མི་འཆད་ཁོ་ན་བྱུང། ནི་གུའི་ཚོགས་གྲལ་ཞིག་ལ་མི་སུམ་ཅུབ་