[A:130]འདུག་པ་ལ། ཡུལ་ཅིག་པ་བཞི་ཡང་མི་འདུག། ཁྲིད་ནི་གུ་རང་དོན་དུ་གཉེར་བ་འབའ་ཞིག་བྱུང་ཞིང། རང་གིས་ཀྱང་སྔར་བརྒྱ་རྩའི་དམ་བཅའ་ཡོད་པ་སེམས་ལ་བཞག་ནས་ཁོང་རྣམ་པའི་འདོད་པ་སྣ་ཁྲིད་བསྐྱངས་པས། སྟན་ཐོག་དེ་རང་དུ་ཁྲིད་ཡུན་རིང་བ་ལ་ཟླ་བ་ཕྱེད་དང་གཉིས། ཉུང་མཐའ་ཞག་བདུན་ཙམ་བྱས། ཁྲིད་བཟླས་པ་ཉེར་བདུན་ཙམ་སོང་རྗེས་འབྲུག་པའི་གནས་སྐོར་བ་བཅུ་ཙམ་ཞིག་ལ་དུས་འཁོར་སྙན་བརྒྱུད་ཀྱི་བསྒོམ་ཐོག་མར་བཏབ། བྱ་བཏང་པ་དང། ཕྲིན་ལས་དབང་འབྱོར་བ་མཆེད་གྲོགས་གཉིས། ཆོས་སྡེའི་སློབ་དཔོན་དྲག་བསྡུས་སུམ་ཅུ་སོ་གྲངས་ལ་བསྙེན་བསྒྲུབ་འཆད་པའི་སྔ་མ་རང་གི་ཁྲིད་གྲྭ་བཙུགས་ཏེ་བྲག་སྟེང་གི་ཕུག་མོ་ཆེའི་འོག་ན་རང་བཞིན་ལྷུན་གྲུབ་ཀྱི་སྒོམ་ཁང་ཆེན་པོ་མུན་བསྲང་གསུམ་བརྒྱུད་ཀྱི་ཕུ་ན་ཐོགས་དཔངས་མཐོ་ཞིང་ཁྱོན་ཆེ་བ། སྣང་བ་འབྱུང་བའི་བུག་པ་རྟ་རྔ་ཙམ་ཡང་མེད་པའི་གནས་དེར་བསྒོམ་ལམ་སོ་སོ་ནས་བཅོས། ལུས་གནད་བྱེད་བཅིངས་མ་ལུས་པ་རང་གིས་སྒྲོན་མེ་ཁྱེར་ནས། མས་བུ་ལ་སློབ་པ་བཞིན་ཁྲིད་གཉེར་འཐེམས་པ་བྱས། དྲོ་ཁལ་དུ་མ་བཙོས་སྐུ་ཚེ་བརྟན་པའི། གཞན་དུ་མི་འགྱུར་དངོས་གྲུབ་སྩོལ་ཞུ། བཛྲ་རྡོ་རྗེ་ཀུ་ལི་ཤ་ཨ་བ་ལི་ཨཱ་ཡུ་ཥེ་ཏིཥྚཿཨ་བཛྲ་ཧོཿ། དེ་དུས་ཁྲིད་པའི་གྲྭ་པ་ཞིག་ལ་སྲོག་གེགས་བཏབ། མགོ་འགས་པ་ཙམ་གྱི་ཟུག་གཟེར་བརྗོད་ལས་འདས་པ་བྱུང་པ་ལ། བསྙེན་སྒྲུབ་ནང་གི་གེགས་སེལ་ཆ་མཐུན་རྣམས་དང། སྟོན་པའི་ཉམས་ཁྲིད་ཆེན་མོའི་ནང་གི་རྡོ་རྗེ་ལུ་གུ་རྒྱུད་ཆེན་པོའི་རྩ་འདབས་འབེབས་ཆེན་གྱི་འཁྲུལ་འཁོར་དང་བཅས་པ་བསྟན་ཀྱང་མ་ཕན་པར་མགུལ་པ་ལ་མངོན་དུ་ཕྱོགས་བྱུང་པ་ལ། དེ་ནུབ་ག་ཎ་ཙཀྲའི་པཱུ་ཛ་ཁྱད་པར་ཅན་བསྙེན་སྒྲུབ་ཀྱི་ཆོས་