[A:131]བདག་མཁའ་འགྲོ་མ་རྣམས་ལ་མཧཱ་མཾ་སས་རྒྱན་པའི་བ་ལིཾ་རྒྱ་ཆེན་པོ་ཕུལ། མཆེད་པོ་རྣམས་ཀྱིས་བསྐང་བ་ལ་དམིགས། ཡི་གེ་བརྒྱ་པ་འུར་འདོན་དུ་བྱས་པས། མཚན་ཕྱེད་ཙམ་ལ་ཁོ་རང་གི་རྨི་ལམ་དུ། སྔར་ཞལ་མི་ཚོར་པའི་བླ་མ་སྐུ་གཞོན་ཤ་ཆགས་པ། སྤྱན་འགྲོག་ཁྱེར་དུ་གཟིགས་པ་ཞིག་གིས་རྐང་པའི་སློང་མོར་གཉིས་ནས་ཕྱག་གིས་གཟུང་སྟེ་གྲོག་གཏིང་ཤིན་ཏུ་རིང་བ་ཞིག་ཏུ་བྲུད་པའི་མོད་ལ་གཉིད་སད་པས། ལུས་ཀུན་རྔུལ་ཆེན་པོས་ཁྱབ་ཅིང། ཟུག་ཀྱང་དེ་མ་ཁད་ལ་ཚེར་མ་ཕྱུང་བ་ལྟར་གྲོལ། མཚན་མ་འདི་ཡང་བྱིན་རླབས་ཟིལ་ཆེན་རྒྱས་པའི་ལོ་ཆེན་ཉིད་ཀྱི་རྫུ་འཕྲུལ་ལས་གཞན་དུ་ཡིད་གཉིས་སུ་མ་གྱུར་པའོ༎
དེར་ཁྲིད་གྲོལ་བའི་ཆོས་སྟོན་གྱི་ཚོགས་མཆོད་སྐབས། ཁོང་རང་རྣམ་པ་གླེང་བ་ལ། ཁྱེད་ཀྱིས་ཁ་སང་མུན་མཚམས་སྒང། ཆོས་ཀྱི་ཡོང་ཁྱེར་དང་མུན་ཁུང་དུ་བཅུག། སྐྱིགས་དྲག་གཏོང་བ་འདི་འདྲ་ཆོས་སུ་འགྲོ་ན་གུ་གེས་ཁྱེར་བའི་རང་རེའི་བཙན་མི་སུམ་བརྒྱ་པོ་དེ་ལོ་གསུམ་མུན་སྒྲུབ་སོང་བས་སངས་རྒྱས་ཡོད་ཟེར་ཁ་རྒྱག་འདུག་ནའང། མགོ་འགས་ལ་ཁད་ཀྱི་ཟུག་བྱུང་དུས་ཕ་འབོད་མ་འབོད། དཔོན་སློབ་ཐམས་ཅད་སོ་མ་བསོད་ལ་བཀོད་པའི་སྡུག་ཡུན་དེ་བག་ཐུང་ས་བྱུང་ཟེར་བའི་སྒང་ལ། ཁྲིད་པའི་ནང་གི་ཐུགས་དམ་གྱི་འཆར་སྒོ་བཟང་པོ་ཡོད་པའི་དགེ་སློང་ཞིག་ན་རེ། དེ་འདྲ་མ་སྨྲ་ངས་ཁ་སང་རྗེ་དྲུང་དུ་ཡང་ཞུ་མ་ནུས་པ་མ་གཏོགས། བསྒོམ་ཁང་དུ་རང་རེ་བསམ་གཏན་ལ་བཞུགས་དུས། བདག་གིས་རང་གཞན་ཀུན་གསལ་བར་མཐོང་བྱུང་བ་ལ། བུད་མེད་དམར་མོ་གཅེར་བུ་གཅིག་གིས་ལག་པ་གཡས་གཡོན་དུ་ཐོད་པ་རེ་རེ་ཁྱེར་བའི་གཡས་ཀྱི་དེ་ནས་ཆང་ཧུབ་རེ་ཁས་བླངས། ངེད་ཀུན་གྱི་ངོ་ལ་ལ་ཁ་ཕྲུ་