[A:132]མཐོར་གྱིན་འདུག་པ། ངའི་ཁ་ལ་བྱུང་བའི་ཉམས་དེས་ཚིམས། ཁ་སང་རྗེས་ཀྱི་བཞེས་སྤྲོ་གནང་བ་གཅིག་ཀྱང་མ་ཟོས་པ་ཁྲིད་ལམ་གྱི་རྩར་མ་ཉམས་པར་བཞག་ཡོད། གཡོན་གྱི་ཐོད་པ་དེ་ནས་ཁྲག་ཧུབ་གང་ཁྱོད་རང་གི་ངོ་ལ་གཏོར་སོང་བ་མན་ནང་བྱུང། བླ་མ་རིན་པོ་ཆེས་དམ་ཚིག་གི་སྐོངས་དང། ངེད་མཆེད་གྲོགས་རྣམས་ཀྱིས་ཡིག་བརྒྱའི་འུར་འདོན་དེ་མན་ན་འབྱོན་དགོས་པ་འདྲ་ཟེར། ཁོང་གི་མལ་འཁྲིས་བལྟས་པས་ཟ་བཅའ་རྣམས་མ་ཉམས་པར་ཁྲིག་གེ་འདུག། གཞན་ཡང་དགེ་སློང་འདིའི་འཆར་སྒོ་ཕལ་ཆེར་ཐོག་ཏུ་ཁེལ་པ་བྱུང། དེ་ནུབ་ཐོ་རངས་ཀྱི་རྨི་ལམ་ན། སྔར་གཏན་འགྲོ་མ་མྱོང་བའི་ཁང་པ་བཟང་པོ་ཅིག་གི་ཚོམས་ན། འོ་མ་ཟངས་གང་བུན་བུན་ཁོལ་གྱི་འདུག་པའི་འཁྲིས་ན་བུ་མོ་གཞོན་ནུ་གཉིས་ཁམ་མེ་འབུད། ཚོམས་དེའི་ནང་ཕལ་ཆེར་གདན་ཤོམས་གྱ་ནོམ་པ་བྱས་པའི་དབུས་ན་ཁྲི་མཐོ་བ་བག་ཆགས་གཅིག། བྱུས་དཀར་པོ་མཚལ་གྱི་ཆོ་ལོང་རིས་བྲིས་པས་ཁེམས་བཀབ་པ་ཅིག་འདུག་པ་ལ། ངས་འདིར་སུ་ཡོང་རྒྱུ་ཡིན་དྲིས་པས། ང་རང་གི་མའི་མིང། ཧཱ་ར་ག་མཿ་ཞེས་བརྗོད་ནས། དེ་ངེད་ཀྱི་གྲལ་དབུ་ལ་ཡོང་བར་ཁས་ཆད། ཡུན་རིང་པོ་སོང་ཡང་བུ་གཅིག་ཡོད་འདུག་པས་ཁྲིད་ཀྱི་ཐག་པ་ལ་བཏགས། ངོ་སྤྲོད་ཀྱི་རྟོད་ཕུར་མནན་ནས་ད་བར་མ་བྱུང་ཟེར་འགྱོད་ཐལ་ཆེ་བར་འདུག། དེར་བསམ་པ་ལ་འདི་གཉིས་ཀྱིས་ང་ངོ་མ་ཤེས་པར་འདུག། ཁ་ནི་བཤད་པའི་ནི་གུའི་ཁྲིད་དེས་ད་བར་གྱི་ཚེ་སྲིངས་པར་འདུག། ད་དུང་ཐབས་ཅི་བྱས་ན་ལེགས་འདྲི་སྙམ་པའི་མོད་ལ། ཁང་པ་དེའི་སྒོ་ནས། བུད་མེད་སྒང་ཡོལ་ཅིག་ནང་དུ་སླེབ་བྱུང་པས། སྔར་ཛོ་ཀི་ཕྲེང་ཤྲཱི་རུ་པ་ནཱ་ཐས་བསླབས་པའི་སྒྲིབ་ཤིང་གི་དོན་ཆོད་