R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 135
[A:135]ཐག་བཅད། དགེ་སློང་རྣམ་པས་ངེད་ཀྱི་ཚིག་ལ་བདེན་ཟེར་བཅས། ད་ལོ་ཁག་ལེན་བྱས་པས་ཐམས་ཅད་ཀྱིས་ཁྲེལ་ཁྲེལ་བྱེད། མི་ཤི་བ་ལོངས་ན་གྲུབ་ཐོབ་རང་དུ་འདུག་ཟེར་འཕྱ་དམོག་གཏོང་བ་བྱུང། དེར་རྒྱུད་འདེབས་ཚར་ཙམ་ལ་ཡུམ་ཉིད་དབུ་བཏེག། ངེད་ལ་གཟིགས་ནས་བུ་ཆོས་རྗེ་ཕེབས་སམ་གསུངས། ཞལ་འཛུམ་དང་བཅས་སྐུ་ལང་ཚོ་ཁྱད་པར་དུ་འཕགས་པ་རང་གི་རྣམ་པ་ཅིག་སྟོན་པ་མཛད་བྱུང་བས་སྐབས་དེར་ཡང་རྨི་ལམ་ལ་ངེས་ཤེས་ལྷུག་པར་སྐྱེས། དེར་སུ་མེད་པའི་དབེན་པ་ཞིག་ལ་སྔར་ལོ་ཆེན་དྲུང་ནས་ད་བར་གྱི་ལྟས་རིམ་པར་བྱུང་བ་སྙན་དུ་བཏབ། ངེད་བུ་རྣམས་ལས་ཕྱི་ཐག་བསྲིངས། ཡུན་རིང་དུ་བཞུགས་པའི་ཐུགས་མདུན་མཛད་དགོས་ཞུས་པས། སེམས་ཅན་སྐྱེ་འཆི་ལ་རང་དབང་ག་ལ་ཡོད། ཁོ་མོ་མ་ལ་བཟང། ཁྱེད་ལྟ་བུའི་སྐྱེས་བུ་དམ་པ་ལ་ཡང་འཁྲུངས། ད་སྐྱེ་བ་དང་ཚེ་རབས་སུ་ཐུགས་རྗེས་མི་འདོར་བ་ཞུ་གསུང་ཕྱག་ཐལ་མོ་སྦྱར། དབུ་མདུད་པ་དང་བཅས་བཀའ་སྩལ་འབྱོན་གྱི་འདུག་པ་ལ། ངེད་རང་བླ་ལྷག་གི་ཡིད་ཆེས་སྙིང་ཁོང་ནས་སྐྱེས། སླར་ཐུགས་རྗེས་ཁྱེད་ཀྱིས་འཛིན་དགོས་པ་འདུག། ད་ལན་ཡང་སྐུ་ཁམས་བརྟས་པའི་ལེགས་ཚོགས་སྤེལ་དགོས་ལགས་ཞུས་པས། དེ་ནུབ་རང་ལ་ནང་སྦྱར་དུ་སྐུ་ཁམས་ལྷག་པར་བདེ་བ། སྔར་ལས་ཀྱང་སྐུ་ཁམས་བཟང་བ་བྱུང་ཡང། ཟླ་གཅིག་གི་བར་སྐུ་ཁམས་བཅད་བྱ་མ་ཞིག་པ་འཚོ་བྱེད་རྣམས་ཀྱིས་ཡིད་གསོ་བའི་བྱུག་པ་རེ་ཙམ་བཞེས་ཤིང། བདག་ལ་སྔར་ནི་གུའི་ཁྲིད་གཉིས་ཙམ་ཐོབ་པ་ད་དུང་ནན་ཆགས་ཆེ་བའི་ཞིབ་ལེན་བྱས་པ་ཞིག་དགོས་གསུང། དབུ་བཙུགས། ཡང་བཀའ་ལས་ཁོང་རྣམ་པ་ངེད་ལ་ཀུན་རིག་དང་མི་འཁྲུགས་པའི་དབང་འདྲ་