[A:137]བཏབ། སླར་དུང་འགྱུར་འཇུག་མི་དྲུག་བདུན་ཙམ་གསར་འཕེལ་བྱུང་འཚམས། བར་ཚིགས། ཤར་རིའི་ཡུལ་གསུམ་སོགས་སྔར་མ་ཕྱིན་པའི་ས་དེ་རྣམས་སུ་མཎ་བསྐུལ་ཁོ་ནའི་འགྲོ་དོན་ལ་རྐང་གཏད་ནས་རང་རང་སོའི་འདོད་པ་ལྟར་དབང་ལུང་མན་ངག། དཔོན་ས་ཡབ་ཡུམ་དྲུང་དུ་ཁྲལ་འཆག་ཞུ་བ་སོགས་སྣེ་སྦྱོར་གང་ལེགས་ཀྱིས་ཡིད་དྲངས་པས། མགུ་བ་ལྷག་པར་སྐྱེས། དུང་འགྱུར་འཇུག་མི་བཅུ་གསུམ་ལྷག་ཙམ་དང། སྲོད་ཐོ་རངས་ཡུལ་གྱི་རྒན་གཞོན་རྣམས་མགྲིན་གཅིག་པར་མ་ཎི་བཞི་ཐུན་རེ་ཙམ་བསྒྲོང་བའི་དགེ་རྩ་གཏན་པར་ཚུགས། རང་གི་དངོས་སུ་མ་སླེབས་པའི་ཏང་སྐྱ་སོགས་ཡུལ་ཆུང་འགའ་རེར་མོས་ལྡན་གྱི་སློབ་མ་དྲུང་པ་དགེ་སློང་མཆོག་ལྡན་པ་སོགས་ལ་དགེ་བསྐུལ་བགྱིས་ནས། མ་ཎི་དུང་འགྱུར་བརྒྱད་ཙམ་ལེན་མི་འབྱུང་འདུག། དེ་ནས་ཨ་མ་དྲན་པའི་གདུང་ཤུགས་ཀྱིས་བསྐུལ། ཡང་རྣམ་རྒྱལ་དུ་ཡུམ་དྲུང་ཞག་ལྔ་དྲུག་ངལ་བསོ་བསྟེན་ཞིང། དབང་ལུང་ཕྲན་བུ་འབུལ་བ་དང། ཡིད་འདྲེས་པའི་གླེང་མོ་སེམས་ཚིམ་པ་མང་དུ་བྱུང་རྗེས། སྐྱེ་ཡུལ་གློ་བོ་རང་དེ། སྔོན་རྒྱལ་པོ་གེ་སར་གྱིས་བཏུལ་བའི་བདུད་གྱ་རྒྱུའི་ཡུལ་ཡིན་པར་གྲགས་པ་དོན་ལ་གནས་པར་འདུག། དམ་པའི་ཆོས་ལ་སོལ་ཕྱེ་ལས་གནག་པའི་བློ་དྲག་ཞན་ཡོངས་ལ་ཆེ་ཆུང་མེད་པར་ཁྱབ་འདུག་པས། ཆོས་ཁྱད་སྒོ་བཏུན་སྒྲུབ་མཆོད་རེ་ཙམ་གྱི་ཞབས་ཏོག་འཇིག་རྟེན་ལས་སྣང་གི་འགྲན་དཔེ་ལ་དམིགས་སྒྲུབ་པ་མ་གཏོགས་ལྷ་ཆོས་གཙང་མ་འདྲེས་མེད་ལ་སྣང་ཕུག་ཀྱང་འདྲེན་པར་མི་ནུས་འདུག་པ་ནས། ཡང་དོལ་ཕྱོགས་ཀྱི་ཡུལ་རྣམས་སུ་མན་བསྐུལ་ལ་ཕྱིན། འཚོ་བ་སོ་སོའི་མི་དཔོན་རྒན་པ་རྣམས་ལ་སྟེར་སྦྱིན་ཡང་དག་པས་སེམས་ཁྲིད་དེ་མ་