[A:138]ཎི་ཡུལ་ཀུན་ཏུ་ཁྱབ་པའི་འཁྲུལ་ཆེ་བ་བློ་ཡུལ་ལས་འདས་པའི་དགེ་ཚོགས་འབད་མེད་ལྷུན་གྲུབ་སྤྱི་ཁྱབ་ཏུ་བྱུང་ཞིང། དུང་འགྱུར་ཡང་རི་ཁྲོད་རང་དུ་ཆིག་སྒྲིལ་བྱས། ལྕེ་ཐོག་ནས་འདོན་མི་ཆོས་པ་རྣམ་དག་དཔག་མེད་བྱུང་ནས་ཡིད་བདེ་བསམ་གྱི་མི་ཁྱབ་པ་སྐྱེས། ཕྱོགས་དེར་བྱུང་བའི་འབུལ་བ་ཐམས་ཅད་ཀྱང་མ་ཎི་བ་ཁོ་ནའི་ཕྱོགས་སུ་ལྷག་མ་ལུས་པ་ཁྱབ་པར་བྱས། དྲུང་བ་ལུང་པ། དྲུང་རྣམ་གྲོལ་བ། དྲུང་པ་འབུམ་རམ་པ། དྲུང་པ་རང་འབྱུང་ས་དང་བཞི་ལ་དོ་དམ་བཅོལ། དོལ་ཕྱོགས་ཀྱི་མ་ཎི་བ་རྣམས་ལ་གྲངས་ཀྱི་གནས་ཕྲ་མོ་ལ་ཡང་སོམ་ཉི་མེད་པའི་ཡིད་ཆེས་པར་ཡོད། དེ་ནས་མོན་ཡུལ་གྱི་ཁ་ཐོད་བར་བོངས་ས་གྲགས་པའི་ཡུལ་དེར་ཕྱིན། དབྱར་ངོ་དགོན་སར་དུ་བསྡད་ནས། ཆོས་དོན་གཉེར་གྱི་དགེ་འདུན་དད་ལྡན་ཤ་སྟག་ལ་ལམ་འབྲས་ཤིན་ཏུ་རྒྱས་པ་ཞིག་གི་དབུ་བཙུགས་མཚམས། དྲུང་བ་ལུང་པ་སྐུ་མཆེད་ཀྱང་བྱོན་བྱུང། ས་དེར་ཉིན་མཚན་དུས་དྲུག་འཁོར་མོར་ཆོས་ཀྱི་འདའ་བ་བྱུང་སྟེ། ངེད་རང་གིས་ལམ་འབྲས་གཞུང་ཞིང་དུ་སྔ་ཕྱི་ཐུན་གཉིས་སུ་བཤད་པའི་ཆོས་ཐུན་ཤིན་ཏུ་རིང་བ། བར་བར་ལ་གློ་བུར་དུ་འོངས་པའི་བྱ་བྲལ་གནས་སྐོར་བ་ལམ་འབྲས་མ་ཟིན་པའི་ཆོས་བསྙེགས་པ་ཡུལ་གྱི་རྒན་པ་དུ་མ་ལ་ལམ་འབྲས་རིང་ལ་ནི་གུ་ལན་བཅུ་གཅིག་ཙམ་སོང། ངེད་དགོས་ཆོས་འཆད་པའི་སྐབས། ཟུར་ཆོས་ལ་བ་ལུང་སྙིང་རྗེའི་ཟླ་བས་ཚོགས་པ་སྤྱི་ཁྱབ་ཏུ་མ་གཅིག་ཀ་སོ་མའི་དབང་ལེ་ལྷག་བརྒྱད་མ་དང་བཅས་པ། རྣམ་གྲོལ་བསྟན་པའི་ཉི་མས་བདེ་མཆོག་ལཱུ་ཨི་པའི་དབང་ལན་གྲངས་དུ་མ། པདྨ་བཀའི་ཐང་ཡིག་གི་ལུང། འབུམ་རམ་པ་ཐོ་རངས་སྐར་ཆེན་པས་གསང་འདུས་མི་བསྐྱོད་པའི་དབང་ཆ་སྦྲེལ་མ་དང་འབྲེལ་