[A:151]དད་ཅན་སྟོང་ཕྲག་ཙམ་འདུས་བའི་དབུས་སུ་མར་མེ་གཙོ་བོར་གྱུར་པའི་མཆོད་པ་རྒྱ་ཆེན་པོ་བཤམས། སེམས་བསྐྱེད་ཀྱི་ཆོ་ག་ཡང་དག་པའི་སྒོ་ནས་དེར་འདུས་ཐམས་ཅད་ལ་ཐར་པའི་ས་བོན་ཁྱད་པར་ཅན་སྐྲུན། རྒྱུ་དབང་ཡང་ཆོས་བརྒྱད་དང་འབྲེལ་བའི་དབང་སྐྲུན་དོན་གཉེར་མ་ཡིན་པ་ཆོས་ཉན་པ་ཤ་སྟག་ལ་སྦྱངས་གཞི་སྦྱོང་བྱེད་ལེགས་པར་ངོ་འཕྲོད་པའི་ཐབས་མཁས་ཀྱི་བརྡ་སྦྱོར་རང་བཟོ་དང་མ་འདྲེས་པར་བགྱིས། དབང་སྐྲུན་པ་རྣམས་ལ་ཚབ་ཟླ་བ་གཅིག་གི་བར་རྣམ་རྒྱལ་འཇོམས་ཀྱིས་སྣ་དྲངས། ཛཾ་ལ་ནོར་རྒྱུན་མས་མཇུག་སྟེན་པའི་ཟུར་བཀའི་རྗེས་གནང་སུམ་ཅུ་ཉིན་རེ་བཞིན་མ་ཆག་པ་བསྒྲུབས་སྐབས། དབུ་ལེགས་འདུ་ཁང་དུ་ཚོགས་མ་ཤོང་བ། ལྷ་ཁང་དང་བླ་བྲང་གི་བར་གྱི་ས་སྟོང་དེར་བྱས་པས་བརྒྱད་བརྒྱ་མི་འཆད་ཙམ་བྱུང། དེ་སྐབས་ཚོགས་ཆོས་ཀྱི་སེང་བར་ཀུན་ལ། དད་པ་ཅན་གྱི་སྦྱིན་བདག་མཐའ་ཡས་པའི་རེ་བ་སྐོང་བའི་ཚེ་དབང། ཀུན་རིག་འདས་པ་ལན་དཔག་ཏུ་མེད་པ་ཆོས་མ་གྲོལ་བར་དེ་སྲིད་ཁོ་ར་ཁོར་ཡུག་ཁོ་ནར་བགྱིད་དགོས་པ་བྱུང་ཞིང། དེར་ཚོགས་ཐམས་ཅད་ཀྱིས་ཡི་གེ་དྲུག་པའི་སྒྲ་རྒྱུན་མི་འཆད་འགྲུས་པའི་དགེ་བ་བརྟན་པ་ཅན་གྱིས་གཞི་ཚུགས། རང་གཞན་གྱི་སྒོ་ནས་དུང་འགྱུར་ལེན་མི་མང་དུ་བྱུང་བ། སྔ་ཕྱི་རྣམས་སྡོམ་ཞིབ་རྩིས་བྱས་པས་བརྒྱ་དང་བཅུ་གསུམ་ལྷག་ཆད་མེད་པ་འགྲུབ་འདུག་པ་ལ། དུང་ལྔ་ཁ་སྐོང་དུ་བྱས། བརྒྱ་རྩ་བརྒྱད་པོའི་ཁས་བླངས་གྲུབ་པས་ཡིད་གཏིང་ནས་བདེ། དེར་མཆོག་དཔལ་གྲོགས་མཆེད་གློ་བོ་ནང་དུ་རྐང་བཙུགས་བཏང། གསེར་ཞོ་སུམ་ཅུ་སོ་གསུམ་གྱི་ཇ་ཤིན་ཏུ་བཟང་བ་བསྒྲུབས། ངེད་རང་གི་ཁར་འབྲུ་ཅིག་མ་སོང་བ་བྱས། སྲོད་