[A:154]ལྕགས་ཀྱི་ཕུར་པ་མི་གང་མདའ་ཚད་རེ་འགྱེལ་འདུག་པས། འཛིན་པའི་ཡུ་བ་ཤོར་བའི་མཚན་མ་གཟིགས་གསལ་དུ་ནམ་ཕེབས་པར་སྐྱེས་ཡུལ་གྱི་སྡུག་ཞེན་ལ་སྡོད་རྩིས་ཡོད། ད་ལོ་ཁྱེད་རྣམ་པས་བསམ་པ་ཐག་པས་བསྙེན་བཀུར་འབུལ་སྟེགས་ཡང་དག་པ་ལ་བརྟེན། མ་ཕྱིར་དུ་དགེ་རྩ་འདི་རྣམས་འགྲུབ་པ་ཡིན་པས། ཁྲེལ་མ་སྲིངས་ན་ལ་ཡོགས་ཀྱང་ཡོང། ངེད་ཟླ་བ་ཡང་མི་བཅུ་བདུན་མཆོད་པའི་ཉི་མ་ད་ལྟ་ང་རང་འགྲོ་བའི་གྲིབ་ཚོད་འདི་རང་ལ་སླེབ་ངེས་བྱེད་སྨྲས་པས། བདག་མོས་གཙོ་མཛད་ཐམས་ཅད་དེ་འདྲའི་མྱུར་སྟབས་རང་ཕེབས་ཐུབ་པ་དཀའ་ནའང། ཕེབས་པ་ཞལ་གྱིས་བཞེས་པ་རང་གིས་བཀའ་དྲིན་བསྐྱངས། ད་དེ་རིང་ཉི་མ་ཡང་ཕྱེད་འདུག། རྒོངས་ཕྱོགས་གར་ཡང་མི་ཕེབས། ནང་པར་སྔ་བར་ཕེབས་པ་དྲག། གསོལ་ཇ་ཡང་ཐོན་གྱི་ཡིད་ཟེར་བའི་ཚིག་བཤམ་རྫོགས་པ་ལ། གྲལ་དེར་ཁག་ལངས།
འཕྲལ་ལ་ཟས་འཚོལ་བྱ་དང་འདྲ༎
གནས་ལ་ངེས་མེད་རི་དྭགས་འདྲ༎
ཀག་ཏེ་ལངས་ནས་གཞི་རྫོགས་པའི༎
བྱར་མེད་འདི་ཉིད་ཁོ་བོའི་གཤིས༎
བྱས་ལམ་སང་ཕྱིན་དུས། གཞུང་ལམ་རྣམས་ཁ་བས་ཆོད། རི་བརྩིབས་རང་བསྐོར་ནས་བྱང་རྒྱབ་ལ་བཏོལ་སྟེ་ནུབ་དགོན་དུ་སླེབ་པས། དེ་ན་ཆོས་རྗེ་ནུབ་དགོན་པའི་དགེ་རྩའི་དབུ་ལ་བླ་མ་རིན་པོ་ཆེ་མར་ལུང་པ་སྤྱན་དྲངས་འདུག་པ། ཁོང་པ་རིན་པོ་ཆེ་རྡོ་རྗེ་རྒྱལ་མཚན་པའི་དངོས་སློབ་རྟ་མགྲིན་ལ་ཐུགས་ལྷག་པར་འདྲིས་པ་འདུག་པས་ཡང་གསང་ཁྲོས་པའི་དབང་བཞི་ཡོངས་སུ་རྫོགས་པ། བེག་གདོང་ལྕམ་དྲལ་གྱི་རྗེས་གནང། གྱིང་ལྔ་གཟའ་གདོང་གི་སྲོག་དབང། རྟ་པོད་ཀྱི་པོད་ལུང་རྣམས་ཞུས། གསེར་ཞོ་གསུམ་གྱི་མཎྜལ་ཕུལ་ཞིང། ངེད་རང་གིས་