[A:155]ཀྱང་ཆོས་རྗེ་ནུབ་དགོན་པ། ཆོས་རྗེ་ཆོས་སྐྱབས་དཔལ་བཟང་པ་དང་ཆོས་རྗེ་མུས་སྲས་པ་vc: མུས་སྲད་པ?ཞང་དབོན་གཉིས་ཀྱི་གཙོ་མཛད། འགའ་ལ་དེ་རིན་རྣམ་སྲས་རིགས་བརྒྱད། ཕྱག་རྡོར་འགྲོ་བཟང། ཛཾ་ལ་སེར་ཆེན། ཇཾ་ལ་དམར་པོ་སྲོག་སྒྲུབ། ཛཾ་ལ་འབྲུག་ཞོན། ཚོགས་བདག་ཆགས་པ་རྡོ་རྗེ། གནོད་སྦྱིན་ཨ་པ་ར་ཛི་ཏ་སོགས་ནོར་ལྷ་ཤིན་ཏུ་མང་བའི་བྱིན་རླབས་རྗེས་གནང་རིགས་གཏད་རྣམས་ཕུལ། བླ་མ་རིན་པོ་ཆེས་གསེར་ཞོ་གང། རྒྱ་བུམ་ཅིག། རས་གོན་ཆེན་གཅིག་རྣམས་གནང་བ་དང། ཆོས་རྗེ་ནུབ་དགོན་པས་གསེར་ཞོ་དྲུག། ཆོས་རྗེ་མུས་སྲད་པས་src: མུས་སྲས་པ?གསེར་ཞོ་གང་རྣམས་གནང་བ་གཅིག་མ་བླངས་པར་བཞག་ནས། སླར་ཡང་བྱ་དུས་བཏབ་སྙེག་པ་ལྟར་ལམ་བསྲངས་ཕྱིན་པས། རྟག་མཁར་རྫོང་དུ་སླེབ་པའི་ནུབ། རྨི་ལམ་ན་དར་དཀར་པོའི་ཆས་ཀྱིས་ཀླུབས་པའི་རྟ་པ་དཀར་པོ་མདུང་དར་དཀར་པོ་ཁྱེར་བ་གཉིས་བྱུང་ནས། ད་ལན་ཅི་ནས་ཀྱང་རྒྱལ་ཐང་ཆུ་བཟང་དུ་ཕེབས་པ་ཞུ་ཟེར་བའི་ངང་ལ་གཉིད་སད། ཝ་བརྒྱད་ཅུའི་ལ་འཕྲང་ལ་བྱས། ཆུ་བཟང་གི་དགོན་པར་རྐང་གཏད་ཕྱིན་པས་གཉག་སྟོན་སངས་རྒྱས་ཀྱི་དུས་ཆེན་རང་དང་ཐུག། བལྟད་མོ་ཤིན་ཏུ་ཆེ་བར་བྱུང། དེ་སྐུ་འདྲ་གསེར་ཞལ་མ་དང། མྱ་ངན་འདས་སྐུ་གསུང་བྱོན་མ། ཕྱག་རྡོར་གྱི་སྐུ་གནམ་འཕུར་མ། ལྷ་རྒོད་རྒྱལ་ཐང་གི་ཞལ་འབག། བླ་རྡོ། སྲོག་འཁོར་སོགས་རྟེན་མཇལ་ཞིབ་པར་བགྱིས་ནས་བླ་མ་པྲཛྙ་བི་ཛཱ་ཡ་སྐུ་མཆེད་སུརྱ་ཀིརྟི་གཅུང་ལ་གཉག་སྟོན་སངས་རྒྱས་ཀྱི་རྣམ་ཐར་གྱི་པོད་ལུང། ལྷ་རྒྱལ་ཐང་གི་སྲོག་གཏད་བཀའ་བསྒོ་མཆོད་གཞུང་གི་ལུང་རྣམས་ནོས། གཏོར་ཁང་དུ་གསེར་པ་ཐིག་ཞོ་ལོང་གཅིག་རྟེན་དུ་བཙུགས། བསིལ་མ་ཞོ་གང་མཆོད་ཕྲན་