R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 32
[A:32]བཅུ་བདུན། མདོ་མེ་ཏོག་བསིལ་མ། མཛངས་བླུན། བཀའ་བསྡམས་ཞུང་དྲུག། ཀ་མ་ལ་ཤཱི་ལའི་བསྒོམ་རིམ་ཐོག་མཐའ་བར་གསུམ༎ ཇོ་བོའི་ཆོས་ཆུང་བརྒྱ་རྩ། པོ་ཏོ་བའི་དཔེ་ཆོས་རིན་སྤུངས། དེའི་དམིགས་སྒྲོམ་གྱི་གཟེར་བུ་ཧོར་བཀའ་བཞི་པས་བསྒྲིགས་པའི་དཔེ་དོན་ངོ་སྤྲོད་མཛུབ་བཙུགས་ཀྱི་ཁྲིད། རྒྱབ་ཆོས་སུ་ལུང་རིན་དཔུངས། གཏབ་རྒྱུད་རིན་དཔུངས་དང་བཅས་པ། ཆིག་ལམ་རིང་མོ། ལྕེ་བསྒོམ་པས་སྒྲིགས་པའི་བཀའ་གདམས་ཐོར་བུ་བ། བེའུ་བུམ་སྔོན་པོ། སྣར་ཐང་མཁན་ཆེན་གྲགས་དོན་པ་ནས་བརྒྱུད་པའི་སྐྱེས་བུ་གསུམ་གྱི་ཁྲིད། སྲིད་ཞི་མཉམ་ཉིད། དབུ་མ་ཆེན་པོ་བདག་པས་གཞན་གཅེས་ཏེ་རྩ་བའི་ཁྲིད་བཞི། མདོ་ཏིང་ངེ་འཛིན་རྒྱལ་པོ་བསྒོམ་བྱ། ཐུབ་པ་ལ་བརྟེན་པའི་ཞི་གནས་སེམས་འཛིན། མི་གཡོ་བ་བླ་མེད་ཀྱི་རྒྱུད་ཀྱི་བསྒོམ་བྱ། གཏུམ་པོ་མེ་བསྲུངས། སྒྲོལ་མ་ལས་སྣ་ཚོགས་པའི་རྒྱུད་ཀྱི་བསྒོམ་བྱ། མངོན་ཤེས་ལུང་སྟོན། ཟ་མ་ཏོག་བཀོད་པའི་བསྒོམ་བྱ། སྙིང་རྗེ་མཁའ་ཁྱབ་ཏེ་བཀའ་བསྡམས་ལྷ་བཞིའི་ཟབ་ཁྲིད། རྒྱ་བོད་ཀྱི་བློ་སྦྱོང་ཡོད་དོ་ཅོག་ཀུན་གྱི་ཚིག་དོན་འདུམས་པ། སེམས་དཔལ་གཞོན་ནུ་རྒྱལ་མཆོག་པས་མཛད་པའི་བློ་སྦྱོང་ལེགས་བཤད་ཀུན་འདུས་ནང་ལྟར་བསྒོམ་དོན་གྱི་དམིགས་པ་ཞིབ་པར་སྩལ་ཞིང། དེ་དང་འབྲེལ་བར་ཇོ་བོའི་ལམ་ཡིག་ཆེན་མོ། འབྲོམ། ནག་ཚོ། ལུང་ཨ་མེ་ཕྱག་སོར་བ་རྣམས་ཀྱིས་མཛད་པའི་རྣམ་ཐར། མཚོན་ཆ་འཁོར་ལོ། རྨ་བྱ་དུག་འཇོམས། དགྱེར་བསྒོམ་རྡོ་རྗེའི་གླུ། སེམས་དཔའི་རིམ་པ། ལམ་ཁྱེར་ཆོས་བཅོ་བརྒྱད། གཙུག་གི་ནོར་བུ་ཏེ། རྒྱ་གཞུང་འདི་རྣམས་དང་འབྲེལ་བའི་བློ་སྦྱོང་ཡིག་སྣ་བརྒྱ་དྲུག་ཅུ་རེ་བགྲངས་ཀྱི་བཤད་ལུང།