R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 33
[A:33]རྗེ་མུས་ཆེན་གྱིས་མཛད་པའི་སྤྱོད་ཁྲི་ཆེ་ཆུང་གཉིས་ཀྱི་སྟེང་ནས། དོ་ལུགས་ཀྱི་ཉམས་ལེན་ཁྲིགས་བཀོད། སྟོང་ཕྲག་བརྒྱ་པ། བྱམས་ཆོས་སྡེ་ལྔ། དེ་དག་གི་བསྒོམ་ཁྲིད། འཇམ་བསྡུད་བཟང་གསུམ་སོགས་ལུང་བརྗོད་ལས་འདས་པ་ཉིན་རེ་བཞིན་ཡུལ་ནས་དགོན་པར་བསྙགས་ཏེ། ཆོས་ཐུན་གཅིག་ལ་ཡང་སྔ་ཕྱི་མེད་པར་ཐོབ་ཅིང། འདིའི་སྐབས་བྱང་སེམས་རིན་པོ་ཆེ་མ་ཡང། ཨ་མ་དང་ལྷན་དུ་སྤྱན་རས་གཟིགས་འགྲོ་འདུལ་གྱི་དབང། རྒྱལ་པོ་བཀའ་འབུམ་གྱི་ལུང། སེམས་ཉིད་ངལ་གསོ་དང། ཞི་བྱེད་ཨུཏྤ་ལའི་འདབ་དྲུག་གི་བསྒོམ་ཆོས། དམ་པ་སངས་རྒྱས་ཀྱི་དིང་རི་བརྒྱད་ཅུ་མ་གྲགས་པའི་ངོ་སྤྲོད་མང་པོ་དང། གཙང་སྨྱོན་པས་བསྒྲིགས་པའི་མི་ལའི་རྣམ་ཐར་མགུར་འབུམ། སྔ་ཕྱི་ལོ་རེ་བཞིན་རྒྱུན་མ་ཆད་པའི་ཚེ་དབང། ཆོས་སྐྱོང་གི་བཀའ་བསྒོ་སོགས་གྲངས་སུ་བཏབ་ནས་བརྒྱ་ཕྲག་ལོང་ངེས་ཡོད། བྱང་སེམས་རིན་པོ་ཆེས་དུས་འཁོར་མར་ཀུན་མཁྱེན་དོན་ཡོད་དཔལ་དང། པཎ་ཆེན་ཆོས་རྗེའི་བསྔགས་པ་ཁོ་ན་བརྗོད་ཅིང། ཡབ་སྲས་གཉིས་ཀྱི་རྣམ་ཐར་དང། ཞལ་བཀོད་འབའ་ཞིག་གསུང་བ་རྣ་བར་འཇགས་པས། དེ་དུས་ཕྱོགས་ཞེན་གྱི་ཕོ་རྒྱུས་ཆེ་བར་བྱུང། ལོ་བཅུ་འགྲོ་བ་ལ་སླར་དྲུང་པ་ཆོས་རྗེའི་སྤྱན་སྔར་དབྱར་བར་མ་རབ་བྱུང་དང། ལོ་དེའི་ཟླ་བ་དགུ་པ་ལ་དགེ་ཚུལ་ཞུས། དགེ་བསྙེན་སྡོམ་བརྒྱད་རྩ་འགྲེལ། ཀཱ་ར་vc: ཀཱ་རིཀཱ་ལྔ་བཅུ་པ། སུམ་བརྒྱ་པ་རྩ་འགྲེལ་རྣམས་ཀྱི་ལུང་སྩལ། རབ་ཏུ་བྱུང་ཕྱིན་ཆད་ཕ་མའི་ཁྱིམ་དུ་གནས་པར་མི་རུང་པས་དགོན་པར་ཤོག་གསུང། དགུན་དེ་ནས་དབུས་གཙང་ལ་ནམ་འགྲོ། དྲུང་པ་ཆོས་རྗེའི་ཞལ་དྲུང་ལས་སྐད་ཅིག་ཀྱང་མ་བྲལ་བར་བསྡད། བུ་སྟོན་ཆོས་འབྱུང་དྲུང་བཙུན་