R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 167
[A:167]འགྲེལ་ཞུས། རིན་པོ་ཆེ་འཕགས་ཆེན་པ་ཡང་དག་གདན་ཆགས་འདུག་པ་ལ་མགོན་པོའི་ནང་ཁྲིད། ཆོས་རྗེ་སྤྱན་ཚབ་པས་ཟིན་བྲིས་མཛད་པ་དེའི་ལུང་དང། དཀར་བདུད་ཀྱི་རྗེས་སྣང་vc: གནང་ཙམ་ཐོབ། དཔོན་སློབ་གཉིས་ཀའི་དྲུང་གསེར་ཞོ་རེའི་མཎྜལ་ཡང་ཕུལ། གདུང་བརྒྱུད་རིན་པོ་ཆེའི་ཞབས་དྲུང་ནས་ཤིན་ཏུ་ཐུགས་འདྲེ་བའི་བཀའ་དྲིན་བསྩལ་ཞིང། སླར་མྱུར་དུ་འཁོར་ཤོག་གསུང་བ་དང། ཞལ་མཁྱེན་གྱི་རྣམ་པས། སྤོས་ཤེལ་ལས་གྲུབ་པའི་ཐུབ་པའི་སྐུ་གཅིག་དང། ཁ་ཆེ། གུར་གུམ། ཁྱི་ལ་ཝ་རི་ཁུངས་མ། གཞན་ཛོ་ཀིའི་སྨན་ཁྱད་པར་ཅན་ནེ་ཙོ་དང་བཅས་པ་བསྣམས་ཕེབས་དགོས་གསུང། མཉེས་མཉེས་དཔག་མེད་མཛད་ཅིང། སླར་བོ་དོང་ཨེའི་ཆོས་གྲྭ་མཇལ། ས་ལུང་དུ་ཕྱིན། མཁན་ཆེན་རིན་པོ་ཆེས་གཙོ་མཛད། ཞལ་ངོ་རྣམས་ལ་ཚེ་རྟ་བསྒྲགས་མའི་དབང་ཕུལ་བའི་ནུབ། སྨྱོན་མེད་དུ་རྟ་མགོ་ཤིན་དུ་གསལ་བ་མེ་ལོང་གི་གཟུགས་བརྙན་ལྟ་བུའི་མཚན་མ་བཟང་པོ་བྱུང། དེ་མཚམས་དཔལ་ལྡན་འབྲས་སྤུངས་ཀྱི་དགོན་པར་པཎ་ཆེན་རིན་པོ་ཆེའི་དྲུང་དུ་བསྙེགས། ཐོགས་མར་ཚེ་དབང་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་པའི་དུས་ཀྱི་འཁོར་ལོའི་དབང་རྫོགས་པ། འཁོར་ལོ་སྡོམ་ཆེན་རས་བྲིས་མ། རྡོ་རྗེ་ཤུགས་ཀྱི་རྗེས་གནང། ཁྱུང་འདྲའི་བསྒོམ་ལུང། ཆོས་ཀྱི་རྒྱལ་པོ་རྣམ་རྒྱལ་གྲགས་བཟང་གིས་མཛད་པའི་ཡིག་ལུང་མཐའ་དག་ཞུ་བ་ལ་ཟླ་ཕྱེད་བསྡད། གསེར་ཞོ་གང་གི་མཎྜལ་མཚོན་དོན་དུ་བྱས། དེ་ལས་གཞན་བཀའ་དབང་རེ་རེ་བཞིན་གོས་དར་གན་སྤོས། རས་ཡུག་སོགས་འབུལ་བ་སྣ་མ་ཆད་ཙམ་ཕུལ། བཅོ་ལྔའི་ཉིན་དབང་གི་དངོས་གཞི་ཐོབ་པའི་ནུབ་གཟའ་འཛིན་མ་གྲོལ་བར། ཁྱུང་