R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 168
[A:168]འདྲའི་བཟླས་པ་བརྩེ་vc: རྩེགཅིག་ཏུ་བྱས་ནས། སླར་སྨན་སྡིངས་རི་བོ་རྒྱས་པའི་མགུལ་དུ་ཕྱིན། ལོ་ཆེན་དྲུང་གིས་དགོངས་པ་ལྟར་རྒྱུད་ལུང་དང་ནི་གུའི་དབུ་བཙུགས། ལྷུན་སྡིངས་ཀྱི་བར་ཞག་བཞི་བཅུ་ཙམ་གྱི་རིང་ལ། ནི་གུའི་དབང་བཀའ་ཉེར་ལྔ། སྤྱན་རས་གཟིགས་འགྲོ་འདུལ་སོགས་བཀའ་དབང་མང་བར་ཕུལ། ངེད་རང་གིས་དུས་འཁོར་དང། གསང་འདུས་ཀྱི་ཆོ་གའི་ལྷག། རྒྱ་གཞུང་ཐ་དད་ཀྱི་ལུང། སྒྲོན་གསལ་གྱི་རྒྱན་བདུན་སོགས་ལ་ཞིབ་བཤད། གྲོལ་ཐིག། ཡི་གེ་བཞི་པ། ཁྲིད་ཁ་བརྒྱ་རྩའི་ཁ་བསྐོངས་བཀྲ་ཤིས་གྲངས་ཀྱི་མཐའ་བསྟེན་མིང་བཀྲ་བཟང་བར་འདུག་པས། སེམས་ཁྲིད་ཡིད་བཞིན་ནོར་བུ་ཞུས་ཏེ། འདི་ཉིད་ལོ་ཆེན་དྲུང་གིས་བསྒོམ་གསན་པའི་ཐོག་མ་རང་ཡིན་གསུང་ངོ༎ དགོན་གསར་བླ་མ་རྟོགས་ལྡན་པ་ནས། སྙན་རྒྱུད་བདེ་མཆོག་གི་དཀྱིལ་ཐང་དབང་ཙམ་གཡར་ནས། དབང་བཀའ་རྣམས་ལེགས་པར་ཐོབ་པས། སྔར་གྱི་རས་ཆུང་སྙན་བརྒྱུད་ཁ་ཚང་བའི་ཡིད་བདེ་སྐྱེས། ཞུ་བན་སྤྱན་གཅིག་པ་ལས་བཀྲ་དུམ་པའི་ཕ་ཆོས། གཞན་དུ་བཙལ་བས་གཏན་མ་རྙེད་པའི་རྟ་མགྲིན་དྲེགས་པའི་དབང་ལུང། ཙཎྜའི་སྲོག་དབང་ཡང་གནས་དེ་ཀར་ཞུས། སྐབས་དེར་ཟླ་གཅིག་ལ་གདན་གཅིག་ལས་མ་གཡོས་པའི་ཚོགས་འཁོར་བཞི་བཅུ་ཞེ་ལྔ་བྱུང་ཞིང་ཆོས་བྲོ་དང་མགུར་མས་གཟིགས་ཁང་འདེགས་པ་འདྲ་བ་རྒྱུན་མར་མཛད་ཀྱང། ཚོགས་ལྷག་གཏོང་རྒྱུ་ནི་ཆེར་མ་བྱུང། དེ་རྗེས་བྱིན་རླབས་ཟིལ་ཆེན་རྒྱས་པའི་ལོ་ཆེན་བཀའ་དྲིན་འཁོར་མེད་དེས། བརྩེ་བའི་སྤྱན་ཆབ་གཡོ་བ་དང་བཅས་པའི་སྐྱེལ་ཐུང་གནང། ཞབས་དབང་བདག་གི་སྐལ་བས་བཀར་ཏེ་ཐོབ་པའི་ལས་འཕྲོ་མི་འདུག་པ་ནས། ཞབས་འོག་གི་ས་བརྡུལ་