R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 166
[A:166]རྒྱུད་འགྲེལ་གྱི་ལུང། སྐྱེས་རབ་ནང་སྟག་རྒྱུད་གསུམ་གྱི་ལུང། མཆོག་མི་འགྱུར་གྱི་བཤད་པ། ཚེ་དབང་བརྒྱ་རྩ་ལན་གྲངས་དུ་མ། རྟ་མགྲིན་ཡང་གསང་ཁྲོས་པའི་དབང། བེག་གདོང་གི་རྗེས་གནང། གྱིང་ལྔ་གཟའ་གདོང་ལྕམ་དྲལ་གྱི་སྲོག་དབང། བདེ་མཆོག་ལྡུ་vc: ལཱུ?དྲིལ་ནག་གསུམ་གྱི་དབང། མཁའ་སྤྱོད་མའི་བྱིན་རླབས་སོགས་ཟུར་ཆོས། ཕ་རིན་པོ་ཆེའི་ཐུགས་དམ་མ་གྲོལ་བར་དུ་འཇུར་བར་བགྱིས་ཏེ། བཀའ་འགྲོལ་ཞུས། སྟག་ལུང་ནས་འབོད་མི་དང་ལྷན་དུ་སྣ་དཀར་དུ་སླེབ། ཞག་བཅོ་ལྔ་ཙམ་གྱི་རིང་ཉིན་མཚན་ངོ་མི་ཤེས་པའི་ཆོས་འཆད། གཙོ་བོར་རྒྱལ་སྲས་ཆོས་རྫོང་པ་ནས་བརྒྱུད་པའི་བསྙུང་གནས་དང། བློ་སྦྱོང་བཀའ་བབས་བཞི་ལྡན་ཉིད་ཚོགས་ཆོས་སུ་བགྱིས། ཟུར་དུ་དྲུང་རས་ཆེན་པས་གཙོ་མཛད་ལ་གྲུབ་ཐོབ་བརྒྱད་བཅུའི་བྱིན་རླབས་ཀྱིས་མཚོན་པའི་དབང་ལུང་གྲངས་ལས་འདས་པ། ནཻ་གུའི་མགྱོགས་ཁྲིད་བཟླས་པ་ཚར་བདུན་ཙམ་བགྱིས། ནེ་སེར་དུ་དྲུང་ཤེར་ཕྱིན་མ་ལ་ཀར་ལུགས་གྱི་ཕག་མོ་ལྷ་ལྔའི་དབང་ཆོས་འགྲེལ་དུ་ཕུལ་ཞིང། བདག་གིས་ཀྱང་དེ་ཉིད་ཀ་བཀའ་འགྲེལ་དུ་ཞུས། བསམ་གྲུབ་རྩེར་ཕ་རིན་པོ་ཆེའི་ཞབས་ལ་བཏུད་བཅག་མལ་བགྱིས་ནས། དཔལ་སྣར་ཐང་གི་མེས་དབོན་རྣམས་དང་མཇལ། བདེ་མཆོག་ནག་པོ་པ་དབང་འགའ་ཕུལ་མཚམས། ཨེ་ཝཾ་དུ་ཕྱིན་ཆོས་རྗེ་གདན་ས་པའི་དྲུང་དུ། བཀའི་འགྲེལ་པར་བླ་མ་གོང་མའི་དབང་ཁང་དེར་ཚེ་དབང་ལྷ་དགུ་མ་ཞིག་ཞུས། དར་ཁ་ཆེན་སུམ་ཅུ་ལྷག་ཙམ། རས་ཡུག་ཁ་བཅོ་བརྒྱད་ཡོད་པ་གཅིག་གི་སྣ་དྲངས། རས་ཡུག་དྲུག། ཕྱག་གསེར་ཞོ་གང་རྣམས་ཕུལ། དགེ་སྡིངས་སུ་དཔལ་ས་སྐྱ་པ་གཞི་ཐོག་པའི་དྲུང་དུ་ཚེ་དབང་ལྷ་དགུའི་བཀའ་