[A:169]ཅུང་ཟད་མགོ་ལ་བཞག། ལྷག་པར་འཁྲེང་བཞིན་དུ། འཕྲབས་བྱུང་དུ་འབོད་མི་རྐང་གཏད་ནན་བསྐྱེད་བྱུང་ནས། འགྲོ་མི་འདོད་བཞིན་དུ་ཕྱིན་པས། མགྲོན་གྱིས་མ་འཚེང་པའི། ཡར་ལམ་གྱི་བསྐོལ་ཇ་ལ་དམིགས་པའི་ཇ་རྡུམ་ཆེ་བ་རང་ཅིག་ཡོད་པ་དེ་བོར། དེས་མ་ཆོག་པར་སྒྲོ་བཏགས་ཀྱི་ཀུ་ཅོས་ལུང་པ་བཀངས། དེས་མ་ཁེགས་པར་སྡུག་གཤིས་ངན་པར་ཐག་བཅད་ནས་སྐུ་ཆགས་གང་ཡོད་ཐམས་ཅད་དུས་ལན་གཅིག་ལ་བཏོལ་བ་ཞིག་བྱུང། དེ་ནུབ་ཕོ་བྲང་མཇལ་ནས་ཁང་གསར་གྱི་བར་སྤེལ་ཉལ་ཏེ། རྔོད་ལ་བརྒྱུད་ནས། རིགས་ལྡན་ཆོས་ཀྱི་རྒྱལ་པོ་ཡབ་སྲས་ཀྱི་དྲུང་དུ། ངེས་དོན་རྒྱ་མཚོའི་དབུ་ཞབས་མ་ལུས་པ་ལ་རེ་རེ་ནས་དྲིས་མལ་གནང་བའི་ལན། རང་བློས་གང་སྤོབས་གསོལ་རྟིང་མའི་རིང་ལ་རྫོགས་པར་ཞུས་ཤིང། དྲུང་ཇོ་གདན་པས་དབུ་མཛད། གོང་གི་གསོལ་གཟིམས་རགས་བསྡུས་ལ་བཀའ་བཞིན་འདོད་ཆོས་མང་བར་བགྱིས་ཤིང། ཐུབ་ཆེན་རབ་གནས་སོགས་ལེགས་ཚོགས་རྒྱ་ཆེར་སྤེལ་བའི་གནང་སྦྱིན། དཀར་ཡོལ། སྤོས་ཆག། གསེར་རྣམས་ལོ་ཆེན་དྲུང་འབུལ་མི་བརྫངས། ཐུབ་པ་ལ་དར་ཡུག་གཅིག་དང། ཁ་བཅུ་བཞི་དུས་འཁོར་ལ་སྙན་དར་ཕུལ་རྗེས། རྒྱུ་གཟེར་ཆབ་ཞུགས་ཀྱི་ཕྱག་ཕྱིར་བཀྲིས། ཀུན་དྲིལ་ཡབ་སྲས་དྲུང་དུ་ཟླ་གཅིག་ཙམ་བསྡད་ནས་སྐྱེ་ཡུལ་ལ་ཕྱིན་པས། སྔར་བཤད་པའི་རྨི་ལམ་གྱི་མཚན་མ་བསླུ་བ་མེད་པ་བདེན་དོན་མངོན་སུམ་དུ་གཟིགས་གསལ་ཕེབས་འདུག་ཅིང། རྒྱུ་གཟེར་ཟློས་གར་གྱི་བསྟན་བཅོས་སྤེལ་བ་དེ། མ་འོངས་ལུང་བསྟན་དུ་བསམ་ཤེས་ཀྱིས་དཔྱད་ན་མཚོན་པ་ཞིག་བྱུང་འདུག་དེར་ཟླ་བ་དགུའི་རིང་རྒྱུད་མན་ངག་བསྒྲགས་པའི་ཆོས་འཆད་དང། དབྱར་