[A:171]ལས་ཞུས། དེ་སྐབས་བཞི་ཐོག་ཏུ་གདུང་བརྒྱུད་རིན་པོ་ཆེའི་ཐུགས་དམ་བདེ་མཆོག་བརྒྱུད་པའི་བྲིས་སྐུ་གཟབ་བྲིས་རྣམས་བཞུགས་པའི་སྒམ་དེའི་ཁ་འབྱེད་མཛད། དྲུང་པ་རང་གི་ཕྱག་གི་གང་ཟིན་ཅིག་ཐོག་མར་གཟིགས་པ་ཞུ། རྟེན་འབྲེལ་ཞིག་བལྟ་གསུང། གཅིག་བླངས་ཞལ་ཕྱེ་བས་ནག་པོ་སྤྱོད་པའི་སྐུ་བྱུང་བ། ཐུགས་མཚར་མཚར་གནང་གི་འདུག། དུས་དེར་བླ་བྲང་ཤར་དུ་ཚེ་དབང་སོགས་ཡུམ་སྲས་ལྷན་དུ་ཕུལ། ཕྱག་ན་ཡོད་པའི་བླ་མ་གནམ་ཁའུ་པའི་ཞལ་གཟིགས་ཀྱི་བྲིས་སྐུའི་དྲུང་དུ་བསྐང་གསོ་ནུབ་གཅིག་བྱས། ངོར་དུ་འགྲོ་མི་འདྲ་འདུག་པ་ལ་གསེར་གྱི་ཡང་ཆུང་ཞོ་གསུམ་འཁོར་བ་ཅིག། གཡུ་ཞོ་བརྒྱད་རི་བ། དར་ཡུག་གཅིག་རྣམས་དང། རིན་པོ་ཆེ་ལྷ་མཆོག་སེང་གེའི་དྲུང་གི་ནང་རྟེན་ལ་དཀར་མེའི་ཐེས་དང། ཇ་ཤིན་ཏུ་བཟང་བ་ཁལ་ཕྱེད་དགུ་མཆོད་ལ་དམིགས་ནས་ཕུལ། ཁྲོ་ཕུ་བྱམས་ཆེན་དྲུང་མར་མི་ཁུར་ཐེག་ཚད་གཉིས་ཀྱི་དཀར་མེ་ཡང་དག་པ་ཕུལ་ཏེ་ལམ་བསྲངས། དེ་མཚམས་དབེན་གནས་དམ་པ་ན་བཟའ་བྲག་ཕུག་ཏུ་སླེབ། བདེ་མཆོག་ལུ་དྲིལ་ནག་གསུམ་གྱི་དབང་དང། ནི་གུའི་མགྱོགས་ཁྲིད་སོགས་བགྱིས་ཤིང། གནས་དེར་སྣར་ཐང་ནས་མེས་དབོན་དྲུང་གིས་འབོད་མི་རྐང་གཏད་ནང་བྱུང་བས་དགོངས་པ་བཞིན་འོངས་ནས། ནི་གུའི་ཁྲིད་སོགས་ཐུགས་ཀྱི་རེ་བ་སྐོང་བའི་ལེགས་ལམ་རང་གིས་ཅི་ཤེས་བསྒྲུབས། བྱམས་པའི་སྐུ་སོགས་ལ་སྙན་དར་ཡང་མང་བར་ཕུལ་ནས། ཁྲི་ཁང་དུ་ཕྱིན། ཚེ་དབང་བརྒྱ་རྩས་གཙོ་བྱས་པའི་དབང་ལུང་གི་དགོངས་ལེན་གང་ཡོད་བྱས། འཕགས་པའི་སྐུ་འདྲ་ཕྱག་ནས་མ་ལ་དར་ཡུག་དམར་པོ་ཁ་བཅུ་དྲུག་ཡོད་པ། རི་ཕུག་གི་བུ་སྟོན་རིན་པོ་ཆེའི་གཟིམ་མལ་སྐུ་འདྲ་ལ་སྙན་