[A:175]དང་ཇོ་མཇལ་བྱས་ཏེ་རྒྱལ་ཆེན་གླིང་གི་ཕོ་བྲང་ག་ལ་བ་དེར་ཕྱིན། སྡེ་བ་སྐུ་མཆེད་དྲུང་གི་གཙོ་མཛད་ལ་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་ཞིབ་པ་གཅིག་དང། ཡུམ་རིན་པོ་ཆེའི་ཕྱག་ཕྱིར་ལྷ་ལྕམ་བཀྲ་ཤིས་པ་ལ། སྒྲོལ་མ་དཀར་མོའི་ཚེ་ཁྲིད་གྱིས་མཚོན་པའི་དབང་ལུང་མང་དུ་སྤེལ། འབྲལ་བར་མི་སྤོབས་པའི་ཐུགས་བརྩེ་བས་བདག་གིར་མཛད་ཅིང། མཁན་ཆེན་རིན་པོ་ཆེའི་དྲུང་དུ་ཚེ་དཔག་མེད་ལྷ་དགུ་མའི་ཚེ་དབང་ཞུས། རྣམ་སྲས་དཀར་པོའི་ཚེ་བསྒྲུབ་སླར་ཕུལ་ནས། སྔར་གྱི་གསལ་གནང་དེ་ལ་སྒྲོ་བསྐུར་སྤངས་པའི་ཕྱིར། གོང་དཀར་དུ་མཁའ་འགྲོ་རྒྱ་མཚོའི་དབང་ཞུ་ལ་ཅག་མལ་ཞག་དྲུག་བགྱིས་ནས། དཔལ་སྡེ་ལ་བྱས་འོངས་པའི་ལམ་རོང་རྩེ་གསུམ་དུ། བྱ་བ་སྤྲུལ་སྐུ་རིན་པོ་ཆེ་དང་མཇལ་ཏེ། བླ་མའི་རྣལ་འབྱོར་གྱི་བཀའ་འགྲེལ་ཞུས། རོང་གྲ་སྨུག་ཏུ་གཅུང་རིན་པོ་ཆེའི་དྲུང་མཇལ་བ་ལ་ཕྱིན། སྤོས་ཤེལ་ལག་རྩེ་སྐོར་ཅིག་ཕུལ། རྒྱལ་དབང་བཀའ་འབུམ་ལ་བཀའ་གཏད་གནང་ཞིང། དེ་ནུབ་རྗེ་བཙུན་རིན་མོ་vc: པོཆེ་དང། ལྕམ་སྲིང་དྲུང་གིས་གཙོ་མཛད་དཔོན་སློབ་དྲག་བསྡུས་བདུན་ཙམ་ལ་སྒྲ་མི་སྙན་པའི་ཚེ་སྒྲུབ། མཁའ་འགྲོ་མ་དུད་པས་སོལ་བའི་རྗེས་གནང་ཡང་བཀའ་མ་བཟློག་པར་ཕུལ་རྗེས། ཕོ་བྲང་ཆེན་པོ་གཞིས་ཀ་རིན་ཆེན་སྤུངས་པའི་རྩེར། མི་དབང་ཆོས་ཀྱི་རྒྱལ་པོ་ཡབ་སྲས་དང་མཇལ་བས་བཀའ་དྲིན་ཡང་དག་པའི་ཐུགས་རྗེས་གཟུང་ཞིང། རྭ་ལྔ་རྩེར་སྡེ་པ་རྒྱལ་བུའི་དྲུང་དང་མཇལ། རྗེ་རིན་པོ་ཆེ་རྒྱ་མཁར་ཆོས་རྫོང་པའི་དྲུང་ལ་ཚེ་དཔག་མེད་ལྷ་མངས་ཀྱི་དབང་བསྐུར་ཞུས་ཏེ། དཔལ་ལྷུན་སྡིངས་ཀྱི་མདུན་པར་བདེ་བར་ཕྱིན། རིགས་ལྡན་འཇམ་པའི་དབྱངས་དང། ལྷ་སྲས་པདྨ་དཀར་པོའི་སྤྱན་སྔར་ཕྱིན། བདེ་དགྱེ་