R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 176
[A:176]གསང་གསུམ། ཚེ་དབང་རིགས་བདུན་སོགས་བློ་ལྷག་མེད་པའི་ཆོས་ཀྱི་བདུད་རྩིའི་རྙེད་པ་བསབ་པར་དཀའ་བའི་བཀའ་དྲིན་ཆེན་པོའི་བཀའ་འགོག་པར་མ་ནུས་པས། རྗེ་བཙུན་མ་ཐུགས་རྗེའི་བདག་མོའི་དྲུང་དང་ལྷན་ཅིག་མི་སྤོབས་བཞིན་དུ་ཕུལ་ནས་སྨན་སྡིངས་བཅུ་བདུན་མཆོད་པ་ལ་ག་ཎ་ཙཀྲའི་པཱུ་ཛ་བཏབས་ཏེ་ཕྱིར་ལོག། ཆོས་གྲྭ་ཆེན་པོར་རྐང་གཏད་ནས་ཡོངས། ཆོས་དུ་མའི་ཁར་སྤེལ་བའི་སྐབས། སྔར་རྒྱ་སྒོམ་ཆེན་པོའི་དངོས་གྲུབ་ཀྱི་ཕ་ཕོགས་ཡོང་གསུང་བས་དེ་ཉིད་ཡིན་ནམ་སྙམ་པའི་སྐུ་གདུང་ཡིད་བཞིན་གྱི་ནོར་བུ་རིང་བསྲེལ་གྱི་བྱུར་བུར་བསྟམས་ཤིང། དུང་གཡས་འཁྱིལ་གྱིས་རྒྱན་པའི་བྱིན་རླབས་རང་བབས་སུ། ནི་གུའི་མགྱོགས་ཁྲིད་དངོས་བསྟན་རང་གིས་གྲངས་སུ་བགྱིས་པའི་བརྒྱ་དང་ལྔའི་ཐོག་ཏུ་ཕེབས་བྱུང་མོད་ཀྱིས། སངས་རྒྱས་ཀྱི་ཡེ་ཤེས་གཟིགས་པ་མི་ལོག་པས་བརྒྱ་རྩ་བརྒྱད་སོང་བ་ཡིན་ནམ་སྙམ་ཞིང། སྔར་རྒྱ་སྒོམ་རིན་པོ་ཆེ་དང་མ་མཇལ་གོང་གི་ནི་གུ་རྣམ་གྲངས་སུ་བགྱིས་ན། གྲངས་ཀྱིས་གཞལ་བར་མི་ནུས་པ་ལྟ་བུ་ཡོད་ལ། ཟབ་ཁྲིད་ཨངྒི་བཞག་པ་འདི་རྣམས་ཀྱང། དཔེར་ན་ལམ་འབྲས་བརྒྱུད་ལུགས་མི་འདྲ་བ་ཉེར་ལྔ་ཐོབ་པ་ལ། ཞ་མ་ལུགས་གུད་དུ་ཕྱུངས། ཉེར་བཞི་གཅིག་ཏུ་བགྱིས་པ་དང། ནི་གུ་ལུགས་སྲོལ་མི་འདྲ་བ་ཉེར་ལྔ་ཐོབ་པ་ལ། ཐང་སྟོང་བའི་ལུགས་མ་གཏོགས། གྲངས་གཞན་ཉེར་གཅིག་ཏུ་སྡོམས་པ། བློ་སྦྱོང་ལུགས་བསྲོལ་མི་འདྲ་བ་ལྔ་བཅུ་ཙམ་ཡང་དོན་བདུན་མའི་རྒྱས་འགྲེལ་དཔལ་ཡེས་མ་དང། ལེགས་བཤད་རྒྱན་གཉིས་ཙམ་དུ་འགྲིལ་བ་ལྟར། རང་གི་ཁ་ཡོད་ལག་ཡོད་དུ་ད་ལཏ་ནམ་དགོས་བློ་ནས་འཆད་ཐུབ་པའི་དབང་དུ་བྱས་ནས་བརྒྱ་རྩ་བརྒྱད་དུ་མིང་སྨོས་པ་གོ་དགོས་