[A:181]དཀར་པོ་རྒྱལ་བ་འོད་སྣང་གི་བྱིན་རླབས་ཆོས་ཀྱི་སྒོ་འབྱེད་སྔོན་དུ་འགྲོ་བ་ཅན་གྱི་པདྨ་ཚེ་དཔག་མེད་ཀྱི་འཆི་མེད་གཉུག་མའི་གཞུང་ལམ་ཁྱད་པར་ཅན་ལ། ཡི་གེ་ཆ་རེ་རེ་ནས་དྲིས་མལ་གྱིས་ཐུགས་ཀྱི་ཐེ་ཚོམ་མ་ལུས་པ་བསལ་ཏེ་ཡིད་ཆེས་རྙེད་པའི་ཕྱག་ཁྲིད་མཛུབ་ཚུགས་སུ་ཕུལ་མཐར། དཔལ་ཤཱ་ཝ་ར་འཆི་མེད་ནས་བརྒྱུད་པའི་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་རྒྱ་གར་པཎ་ཆེན་ནགས་ཀྱི་རིན་ཆེན་གྱི་ཁྱད་ཆོས་དེ་ཉིད་ཀྱི་ཞལ་ལུང་ཆོས་རྗེ་ཆོས་ཀྱི་གྲགས་པའི་ཡིག་རིས་སུ་མཛད་པའི་དངོས་བསྟན་ལས་བརྩམས་ཏེ། རང་གི་རྒྱུད་ཀྱིས་བསྡུས་པའི་མྱོང་བ་ཅུང་ཟད་ཀྱི་རྗེས་སུ་བརྒྱན་ཏེ་ཞིབ་རྒྱས་སུ་ཕུལ་བས། རྣམ་པར་དཔྱོད་པའི་མཁྱེན་དགོངས་ཞིབ་མོར་འབྱེད་པའི་དགོངས་པའི་དབྱིངས་སུ་ཡོངས་སུ་བྱོར་ཞིང། དད་པ་གསུམ་སྟོབས་སུ་གྱུར་པའི་སྐལ་བ་བཟང་པོའི་གནས་བདག་གིར་མཛད། དེ་ལས་གཞན་སྔ་གོང་ས་སྐྱའི་ལོ་ཙ་བ་ཆེན་པོ་འཇམ་དབྱངས་གསར་མའི་ཞབས་ཀྱི་པདྨོར་མངོན་པར་དབང་བསྐུར་ཕྱིན་ཅི་མ་ལོག་པར་གསན་པའི་དཔལ་སྡོམ་པ་རབ་འཇིགས་ཧེ་རུ་ཀ་བོང་བུའི་ཞལ་ཅན་གྱི་རྫོགས་རིམ་ཕྲ་ཐིག་གི་རྣལ་འབྱོར་ནཻ་པཱ་ལའི་པཎྜི་ཏ་མ་ཧཱ་བོ་དྷི་ཉིད་ཀྱི་ཐུགས་བཅུད་ངེས་བརྗོད་ཀྱི་རྒྱུད་བླ་ན་མ་མཆིས་པ་དེ་ཉིད་དང། ཚེ་དབང་བརྒྱ་རྩ། བདེ་མཆོག་ལཱུ་ཨི་ཞབས་ཀྱི་དབང། གྲུབ་པའི་རྒྱལ་མོ་ལྷ་མངས། ཡེ་ཤེས་མགོན་པོ་ཕྱག་བཞི་པའི་བཀས་བསྒོ་རྗེས་གནང་སོགས་འབུལ་བའི་སྐབས་ཉིད་དུ། སྔར་སྨོས་པའི་རྟོགས་བརྗོད་ཀྱི་རྒྱ་ཆེར་བཤད་པ་ཉིད་ཀྱང་བཀའ་བསྐུལ་ནས་ལེགས་པར་སྦྱར་ཞིང། མཐའ་རྒྱས་ཀྱི་བགྱི་བ་ཅུང་ཟད་དཔལ་སྣར་ཐང་གི་ཆོས་གྲྭ་ཆེན་པོ་ཉིད་དུ་ཞབས་ཐོགས་པར་བགྱི་བའི་སྐབས། ཆོས་གྲྭ་ཆེན་པོ་དེ་ཉིད་ན་