[A:189]བསམ་གཏན་དཔུང་པ་སེམས་འཛིན་གྱི་སྐོར། འདའ་ཁ་ཞལ་ཆེམས་གྱི་སྐོར་རྣམས་ཞུས་མཐར། སྟག་ལུང་པའི་ཆོས་གྲྭ་ཆེན་པོ་ཉིད་དུ་སླར་དཀའ་ཐོ་ཡང་ཡང་གི་བསྐུལ་འདེབས་གནང་བ་བཞིན་མྱུར་སྟབས་སུ་ཕྱིན་མཚམས་བཀའ་བཀོད་ལ་ཁར་སང་ཐང་འབྲོག་ཏུ་སེམས་འགྲེལ་སྐོར་གསུམ་ལ་ཞིབ་བཤད་གནང་བ་ཡང། གཡེང་བའི་དབང་གིས་ཇི་ལྟ་ཇི་སྙེད་པ་ངེས་གནས་སུ་འབྱོར་པ་རང་མ་བྱུང་བ་ནས། མཆོད་ཁང་རྩེར་བྲེལ་སྤྱོད་ཀྱི་ཁུར་ལེན་ལ་གཅུང་རིན་པོ་ཆེ་འགྲོ་མགོན་རས་ཆེན་པ་དཔོན་སློབ་རྣམས་ལ་ཁ་བཀོད་འཐོམས་པར་བྱས། ངེད་རང་དཔོན་སློབ་ལྷན་དུ་གྲོག་ཁར་ནང་མཚམས་བཅད། བཀའ་ཆོས་ལ་གཡེང་བས་མི་བརྫི་བ་རང་ཅིག་བྱེད་དགོས་པར་འདུག་གསུང་བ་ཉིད་ཕྱག་བཞེས་ལ་ཐེབས་པར་གནང་བའི་སྐབས། དེ་སྐབས་ཀྱི་བཀའ་ཆོས་འབུལ་བའི་ཐོག་མ། སྔ་དྲོའི་ཆ་ལ་ཉིན་རེ་བཞིན་བར་མ་ཆད་པ་གསོལ་བ་སྔ་ཐོན་ནས། གུང་གི་གདུགས་ཚོད་ཀྱི་བར་ནཱ་རོ་འགྲེལ་ཆེན། ལྷའི་རིགས་ཀྱི་བློ་གྲོས་ཀྱི་གུར་འགྲེལ། སཾ་བུ་ཊིའི་འགྲེལ་པ་མན་ངག་སྙེ་མ། ལཱ་ཝ་བས་མཛད་པའི་བདེ་མཆོད་རྩ་རྒྱུད་ཀྱི་འགྲེལ་
པ། ཀཱ་ལ་ཀལྤས་མཛད་པའི་རྡོ་རྗེ་མཁའ་འགྲོའི་འགྲེལ་པ། རཏྣ་རཀྵི་ཏས་མཛད་པའི་བདེ་མཆོག་སྡོམ་འབྱུང་གི་འགྲེལ་བ། པདྨ་བཛྲ་ཡིས་མཛད་པའི་མཁའ་འགྲོ་རྒྱ་མཚོའི་གྲེལ་པ་གྲུ་གཟིངས། སློབ་དཔོན་མི་བསྐྱོད་པས་མཛད་པའི་རྟོག་བདུན་གྱི་འགྲེལ་པ། དཔལ་འཛིན་གྱིས་མཛད་པའི་དགྲ་ནག་གི་འགྲེལ་པ་རྣམས་ལ་རྒྱུད་སོ་སོ་དང་སྦྱར་བའི་ས་གཞུང་འབྲེལ་ཙམ་མགྱོགས་ཆོས་སུ་ཕུལ་རྗེས། བཤད་བྱའི་ངོ་བོ་དཔལ་གསང་བ་འདུས་པའི་འགྲེལ་ཆེན་སྒྲོན་མ་རབ་གསལ་ཉིད་ལ་མཐའ་དྲུག་ཚུལ་བཞི་འབྱེད་