R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 190
[A:190]པའི་གསང་རྒྱན་བདུན་གྱི་སྤྱི་ཆིངས་ཀྱི་སྒོ་ཕྱེ་སྟེ་ལེགས་པར་ཕུལ་ཞིང། བདེ་དགྱེ་གསང་གསུམ་གྱི་རྒྱུད་འགྲེལ་རྣམས་ཀྱང། དཔལ་ངག་དབང་གྲགས་པ་ཉིས་ཀྱིས་ཞུས་དག་གནང་བའི་གླེགས་བམ་གསེར་རྐྱང་མ་འབའ་ཞིག་ལ་བཤད་དཔེ་བགྱིས་ཤིང། སྔགས་གཞུང་གི་བཀའ་ཆོས་རྣམས་རྫོགས་མཐར། བྱམས་ཆོས་སྡེ་ལྔ། དོ་ཧ་སྐོར་གསུམ། པར་པུ་བའི་འགྲེལ་བ་དང་སྦྱར་བ་སོགས་སྔར་མ་གསན་པའི་ལུང་དཔག་མེད་འགྲུལ་པར་ཕུལ་ཞིང། དགོངས་ཁའི་ཆ་ལ་ཉིན་རེ་བཞིན་མ་ཆག་པར། ཐོག་མར་དབང་གི་སྒོ་འབྱེད་དཔལ་མཁའ་འགྲོ་རྒྱ་མཚོ་བརྡ་དང་བརྡ་ཅན་གྱི་དཀྱིལ་འཁོར་རྣམ་པ་བཞི་མངོན་པར་དབང་བཀུར་ཞིང། དེ་མཚམས་རིམ་ཅན་དུ་བདེ་མཆོག་ལོ་vc: ལུདྲིལ་ནག་གསུམ། བདེ་མཆོག་སྡོམ་འབྱུང། བདེ་མཆོག་བོང་ཞལ་ཅན། གསང་འདུས་རིགས་གསུམ། དགྲ་གདོང་འཇིགས་གསུམ། གཤེད་དམར་སྒོ་གཉིས། གྲུབ་པའི་རྒྱལ་མོ་ལྷ་མངས་ལ་སོགས་པ་ཟུར་བཀའ་རྣམ་པར་དག་པ་བདུན་ཅུ་དོན་ལྔ་ཙམ་གྱི་མཐར། རྒྱུད་སྡེ་ལྔའི་དཀྱིལ་འཁོར་ཆེན་པོ་མངོན་པར་དབང་བཀུར་བ་སྔོན་དུ་འགྲོ་བ་ཅན་གྱི་ཤངས་པ་བཀའ་བརྒྱུད་ཀྱི་དབང་བྱིན་རླབས་རང་གིས་ཐོབ་པ་མ་ལུས་པ་དང། གཞན་ཡང་རྣམ་སྲས་རིགས་ཆེན་བརྒྱད། ཐུགས་དམ་ལྷ་ལྔ། དམ་ཅན་དྲེགས་དྲུག་ལ་སོགས་ཏེ་ཟུར་བཀའ་རྣམ་པར་དག་པའི་བྱིན་རླབས་ཕྲན་བུ་རང་གིས་ཐོས་པ་མཐའ་དག་ཀྱང་རྫོགས་པར་ཕུལ། སྲོད་ཀྱི་ཆ་ལ་ནི་གུ་ཆོས་དྲུག་སོགས་ཅུང་ཟད་ཉམས་སུ་མྱོང་བའི་ཟབ་ཁྲིད་རྣམས་ཕུལ་བ་ལ་ཐུགས་ཀྱི་དང་བ་སྟོབས་སུ་གྱུར་པའི་བརྙེལ་བྱང་གི་ཟིན་ཐོ་གནད་བསྡུས་འདོམས་ཆེ་བ་སྤེལ་བར་མཛད་འདུག་པ། ཕྱིས་མཐོང་བ་ན་ཡང་རང་ཉིད་དད་པའི་སྤུ་ལོང་