R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 192
[A:192]པའི་ཁྲིད་བརྒྱ་དང་བཅུ་གཅིག། བརྟག་གཉིས་ལས། སྔགས་ཀྱི་རིམ་པ་ཀུན་ཤེས་ནས། ཞེས་པའི་ཚུལ་གྱིས་རྣལ་འབྱོར་མའི་ཁྲིད་ཀྱང་བརྒྱ་དང་བཅུ་བཞི་སྟེ་ཉིས་བརྒྱ་དང་ཉི་ཤུ་རྩ་བརྒྱད། དུས་འཁོར་གྱི་སྦྱོར་དྲུག་ཏེ་ཉིས་བརྒྱ་རྩ་དགུ་ཀུན་ཏུ་འགྲོ་བ་ལྷན་ཅིག་སྐྱེས་སྦྱོར་ཏེ་ཉིས་བརྒྱ་སུམ་ཅུ་ཡིན་ལ། སྦས་དོན་གསལ་བའི་ཁྲིད་ཀྱི་རྐང་གྲངས་རྣམས་ཕུལ་རྗེས། སླད་ནས་འཇུག་པའི་སྒོ་བཞི། རིག་པའི་གནས་ལྔ། རིམ་པར་ཕྱེ་བ་གསུམ་བརྒྱ་དྲུག་ཅུ། རྣམ་པར་ངེས་པ་སྟོང་ཕྲག་བདུན་ཅུ་རྩ་གཉིས། ལེའུ་ལག་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་བདག་ཉིད་ཅན་གྱི་དེ་ཉིད་འདུས་པའི་ཆོས་ཀྱི་རྒྱ་མཚོ་ཆེན་པོའི་སྙིང་པོའི་སྙིང་པོར་གྱུར་པ། དལ་འབྱོར་རྙེད་པར་དཀའ་བ་དང་འཆི་བ་མི་རྟག་པ་བསྒོམས་པས་སྐྱེས་བུ་ཆུང་ངུའི་ལམ་རྫོགས། ལས་རྒྱུ་འབྲས་དང་འཁོར་བའི་ཉེས་དམིགས་བསྒོམས་པས་སྐྱེས་བུ་འབྲིང་གི་ལམ་རྫོགས། བྱམས་སྙིང་རྗེ་སོགས་ནས་བྱང་ཆུབ་ཀྱི་སེམས་ཀྱི་བར་བསྒོམས་པས་སྐྱེས་བུ་ཆེན་པོའི་ལམ་སྟེ་ཐེག་པ་ཐུན་མོང་པའི་ལམ་རྫོགས་སོ༎ སྡིག་སྦྱོང་གི་སྐབས་སུ་བྱ་རྒྱུད་ཀྱི་བསྙེན་སྒྲུབ་དང་ལམ་རྫོགས། ཚོགས་གསོག་གི་སྐབས་སུ་སྤྱོད་རྒྱུད་དང་བསྙེན་བསྒྲུབ་ཀྱི་ལམ་རྫོགས། བསགས་སྦྱངས་གཉིས་མེད་ཀྱི་སྐབས་སུ་རྣལ་འབྱོར་རྒྱུད་ཀྱི་བསྙེན་བསྒྲུབ་དང་ལམ་རྫོགས། དངོས་གཞི་ལ་ལྟ་བའི་ཁྲིད། བསྒོམ་པའི་ཁྲིད། སྤྱོད་པའི་ཁྲིད་དང་གསུམ་ཡོད། དང་པོ་ལ་ཟབ་པ་ལྟ་བའི་མཚན་ཉིད་ཐེག་པ་དང་ཐུན་མོང་བ་ཡིན་ཅིང། དེ་ལ་ཡང་སྟོང་ཉིད་དང་འབྲེལ་བའི་ལྟ་བས་དངོས་འཛིན་འགོག། མཉམ་ཉིད་དང་འབྲེལ་བའི་ལྟ་བས་ཆོས་དང་ཆོས་ཉིད་འདུས་བྱས་ཀུན་མཉམ་འཛིན་འགོག། བརྗོད་མེད་ཀྱི་ལྟ་བས་བརྗོད་བྱ་བརྗོད་བྱེད་ཀྱི་ཡུལ་