[A:191]གཡོ་ཞིང། རང་གིས་ཀྱང་ཆོས་ཀྱི་བྱ་བ་དོན་ཆེན་དུ་སོང་བའི་ཡིད་བདེ་འབད་མེད་དུ་སྐྱེས། དེ་ནས་སླར་ཡང་ཁར་སྦས་དོན་གསལ་བའི་ཟབ་ཁྲིད་ཀྱི་རིམ་པ་རྒྱ་ཆེར་ཕུལ་ཞིང། སྦས་དོན་གསལ་བའི་ཁྲིད་འདི་ཐོབ་པས། བླ་མེད་ཀྱི་རྒྱུད་ཐམས་ཅད་ཀྱི་ཁྲིད་ཕལ་ཆེར་ཐོབ་པའི་ཚུལ་ནི། འདིར་འཇིགས་བྱེད་ཀྱི་ཤིན་ཏུ་སྤྲོས་མེད་དང། གཤེད་དམར་གྱི་རྣལ་འབྱོར་བཞི་ཁྲིད་དང། འཁོར་ཆེན་གྱི་གཏུམ་མོ་ལམ་རྫོགས་ཀྱི་ཁྲིད་ལ་སོགས་པ་དང། རྡོ་རྗེ་ར་ལིའི་ཁྲིད་ཕྱག་རྒྱ་བཞི་ལྡན་འདིར་འདུས་པས། དམར་ནག་གདོང་དྲུག་འཇིགས་བྱེད་འཁོར་ལོ་ཆེན་པོ། རྡོ་རྗེ་ར་ལི་རྣམས་ཀྱི་ཁྲིད་ཉི་ཤུ་རྩ་བཞི་དང། དེ་ཐམས་ཅད་ཀྱི་མཐར་ཐུག་འདུས་པ་ཆེ་ལས་སྟོན་པ་ཡིན་པས་གསང་འདུས་རིམ་ལྔའི་ཁྲིད། ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད། སྦྱོར་དྲུག་གི་ཁྲིད་དེ་ཁྲིད་བཅོ་བརྒྱད། དེ་ཡང་བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས། རྣལ་འབྱོར་རྒྱུད་ཀྱིས་རྣལ་འབྱོར་མའི་རྒྱུད་རྟོགས་དགོས་པར་བཤད་པས། བདེ་མཆོག་ལྷན་ཅིག་སྐྱེས་སྦྱོར་གྱི་རིམ་ལྔ། དེ་ཡང་མངོན་སྤྱོད་རྡོ་རྗེ་མཁའ་འགྲོ་དང། མཁའ་འགྲོ་རྒྱ་མཚོ་རྣམས་ལས་མན་ངག་བསྐུས་པ་ཡིན་པས། དེ་གསུམ་གྱི་རིམ་ལྔ་དང། སྡོམ་འབྱུང་གི་ཁྲིད་རིམ་པ་ལྔ་དང། རྣལ་འབྱོར་མ་ཀུན་སྤྱོད་ཀྱི་ཁྲིད་ཟབ་ལམ་དེ་ཉིད་གསུམ་པ། ཧེ་རུ་ཀ་སྔོན་བྱུང་གི་ཁྲིད་རིམ་པ་ལྔ། མ་ཧཱ་མཱ་ཡའི་རྫོགས་རིམ་གྱི་མན་ངག་གདན་བཞིའི་རྣལ་འབྱོར་བཞི་ལྡན། དུས་འཁོར་ལས་བླ་མེད་ཀྱི་རྒྱུད་ཐམས་ཅད་ངེས་དོན་དུ་གཉིས་མེད་རྒྱུད་དུ་བཞེད་པས། གཉིས་མེད་རྡོ་རྗེ་ཕྲེང་བའི་སྨར་ཁྲིད་ཟབ་ལམ་གསང་བ། གཉིས་མེད་སམ་བུ་ཊིའི་ལམ་འབྲས་ཏེ་ཁྲིད་བདུན་བཅུ་རྩ་གཉིས། རྣལ་འབྱོར་གྱི་རྒྱུད་ངེས་དོན་མཐར་ཐུག་དང་བཅས་