R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 195
[A:195]ཀྱང། ཆོས་སྐྱོང་གུར་ཞལ་རྣམས་ཀྱི་བཀའ་དབང་བྱིན་རླབས་རེ་རེ་ལ་ཡང། གོས་དར་ཁ་ཟུང་དུ་འགྲེལ་པ་དང། ཁ་བཏགས་སྤོས་ཆག་སོགས་སྙིང་ནོན་པའི་སྲིད་ཞུ་བགྱིས་ཤིང། དེ་བར་ཆོས་རྗེ་གདན་ས་པ་ལ་དུས་འཁོར་ཇོ་ཞལ་ལུགས་གཉིས་ཀའི་དབང། རྒྱུད་འགྲེལ་གྱི་ལུང་སོགས་དགོངས་པར་ཡོད་པའི་འདོད་ཆོས་རྣམས་རྫོགས་པར་ཕུལ་མཚམས། དཔལ་རིན་པོ་ཆེའི་དྲུང་དུ་ཇ་སིགས། གོས་ཕྱི་ནང། དངུལ་ཕོར། དཀར་ཡོལ་ཆག་མེད་ལོ་གྲངས་དང་མཐུན་པ་སུམ་ཅུ་སོ་དྲུག་རྟེན་མཐོངས། གདན་བཞུགས་ལ་དམིགས་གོས་དར་ཁ་རེ་ལ་རྡོ་རྗེ་རྒྱ་གྲམ་དང། གཡུང་དྲུང་རིས་སྤེལ་བ་ཉེར་གཅིག། ཚོགས་སུ་མང་ཇ། གདན་ས་པ་ལ་བསྔོ་རྟེན་ཟབ་རྒྱས། དར་ཁ་ཉིས་བརྒྱའི་འགྱེད་རྣམས་བསྒྲུབས་རྗེས་བཀྲ་ཤིས་ལྗོངས་བརྒྱུད། ཇོ་བོ་རིན་པོ་ཆེའི་དྲུང་དུ་སྙན་དར་སྔོན་དུས་ཀྱི་དར་ཆེན་གསེར་མཆོག་ཡུག་དང། གསོལ་ལྷུང་དུ་ཁ་ཆེ་ཙན་དན་སོགས་ཕུན་ཆེ་བ་རང་ཕུལ། ཇོ་བོ་བཅུ་གཅིག་ཞལ་ལ་དར་ཡུག་དཀར་པོ་སྣེ་ཚང་གི་སྙན་དར་ཙམ་ཕུལ༎ སྨོན་ལམ་བཏབ་ནས་རྒྱལ་ཆེན་གླིང་དུ་ཟླ་སྦྲེལ་ཙམ་བསྡད་སྐབས། རིན་པོ་ཆེ་རྩེ་ལྷ་སྒང་པ་སྤྱན་དྲངས། སྔར་ཐོབ་པའི་ཞི་བྱེད་ཀྱི་ཁ་སྐོངས་དམ་པ་རིན་པོ་ཆེའི་ཆོས་སྐྱོང་ཨ་གོ་ཌའི་རྗེས་གནང་སྒྲུབ་སྐོར་ཞུས་ཤིང། ཇ་མགོ་སྤོར། དར་ཡུག། དཀར་སངས། སྣམ་དཀར། སྤོས་ཆག། གསེར་ཞོ་གང། གོས་ཆེན་ཁ་དོ་འབྲེལ། བཀྲ་ཤིས་ཁ་བཏགས་རྣམས་ཕུལ། དེ་ནས་སྟག་ལུང་དུ་ཕུལ་བའི་སྦས་དོན་གསལ་བའི་ཆ་ལག་འཁོར་ལོས་བསྒྱུར་དྲུག། ཀྱཻ་རྡོར་ལུས་དཀྱིལ་གྱི་བཀའ་ཞུ་བ་ལ་ཆོས་རྗེ་རིན་པོ་ཆེ་གྲགས་ཡེ་བའི་དྲུང་དུ་ཕྱིན། གསེར་ཞོ་གང། རྟེན་མཐོངས་སྒོ་ཚད་གཅིག་