[A:196]རྣམས་ཆོས་ཡོན་དུ་ཕུལ། ཐམས་ཅད་མཁྱེན་པ་བོ་དོང་བ་ནས་བརྒྱུད་པའི་དབང་ལུང་ཡིད་ཆེས་པར་ཐོབ་མཚམས། ལམ་བསྲངས་སྔོན་གྱི་གནས་རྗེས་སུ་བལྟ་བ་དང། གཏིང་སྐྱེས་ཕྱོགས་སུ་དགོས་པའི་མགོན་པོ་ཏྲཀྴད་ཀྱི་ཆོས་སྐོར་ཞུ་བ་ལ་གྱེ་རེའི་དབེན་གནས་དམ་པར་བསྙགས། རིན་པོ་ཆེ་གདན་སའི་དྲུང་དུ་ཏྲཀྴད་ཀྱི་དབང་བཞི་རྫོགས་གཉོས་ལོ་ཆེན་པོའི་ཐུགས་དམ་བྲིས་སྐུ་རྒྱ་གར་མ་ཁྲག་མཐོར་མར་གྲགས་པའི་སྤྱན་སྔར་ཞུས་པས་ཡིད་ཆེས་པའི་ཟིལ་དང་ལྟས་ལེགས་པར་བྱུང་རྗེས། ནག་པོ་ཆེན་པོ་གཅེར་བུའི་རྒྱུད་སོགས་སྒྲུབ་སྐོར་རྣམས་ཞུས། ལྷ་ས་སྐུ་མཆེད་ཡུམ་སྲས་རྣམས་ལའང་ཐུགས་བཞེད་གང་ཡོད་ཀྱི་དབང་བཀའ་རྗེས་གནང་མང་དུ་ཕུལ། མགོན་པོའི་བཀའ་ལུང་གི་ཡོན་དུ། གསེར་གྱི་མཎྜལ། ཇ་གོས་དར། སྣམ་རས་གྱ་ནོམ་པ་རང་གི་ཐུགས་དགེས་པ་བསྐང་ཞིང། གནས་དེ་ཉིད་དུ་ལྷ་པ་རང་གི་ཕྱག་ན་བཞུགས་པའི་དེ་བཞིན་གཤེགས་པའི་འཕེལ་གདུང། སློབ་དཔོན་པདྨའི་སྐུ་ང་ཐིམ་མ། ཏཻ་ལོ་པའི་ཞབས་རྗེས། ན་རོ་པས་མར་པ་ལ་དངོས་སུ་གནང་བའི་བདེ་མཆོག་རྡོ་སྐུ། སངས་རྒྱས་སྟོན་པའི་ཕྱག་དྲིལ་སོགས་སྤྱིར་ངོ་མཚར་ཅན་གྱི་རྟེན་མཇལ་རྒྱ་ཆེ་བ་དང། ཁྱད་པར་གཉོས་རྒྱལ་བ་ལྷ་སྣང་པ་རང་གི་ཐུགས་དམ་ཡ་བཞིའི་ཕྱག་བྲིས་དངོས་ཀྱི་ཕྱག་དཔེ་མཆིང་ཁུག་མ་དཔེ་སྣ་ཅིག་ཀྱང་མ་ཉམས་པ་དང་མཇལ་བས་སྙིང་གི་བ་སྤུ་ལན་བརྒྱར་གཡོས། དངོས་གྲུབ་ཀྱི་དགོས་སྐལ་དུ་འཕེལ་གདུང་ཁྱད་པར་ཅན་དང། གཉོས་ཆེན་པོའི་གསོལ་ལྷུང་ཡང་ལག་ཏུ་རང་བབས་སུ་བྱུང་བས་དགའ་བ་དཔེ་མེད་པས་ཡིད་དགའ་མགུར་རངས་པའི་ངང་ཉིད་ནས། ལྷ་པ་སྐུ་མཆེད་གཉིས་ཀས་དད་པའི་སྤྱན་ཆབ་གཡོ་བཞིན་དུ་གྱེ་རེ་ལྷ་ཁང་བར་སྐྱེལ་