[A:204]མཛད་ཅིང། འབུལ་བ་རྣམ་གཞག་དཔག་མེད་བྱུང་བའི་ཕུད། ཕ་རིན་པོ་ཆེ་ཏྲེ་བོའི་དྲུང་དུ་ཇ་སིག་ཀུན་ནས་བཟང་བ་གསུམ། གོས་ཕྱི་ནང་གཉིས་སོགས་དང། མཆེད་གྲོགས་གྲྭ་པ་རྣམས་ལ་དར་ཁ་རེའི་འགྱེད་དང་བཅས་པའི་མང་ཇ་གསུམ་སྦྲེལ། དཔལ་རིན་པོ་ཆེ་སྤྱང་ལུང་པ་ལ་ཇ་སིག་གཉིས། གོས་ཕྱི་ནང། ཚེ་དཔག་མེད་ཀྱི་རྒྱ་སྐུ། གསེར་གྱི་གླེགས་བམ། རྣམ་རྒྱལ་མཆོད་རྟེན། རྒྱ་དྲིལ། རྟེན་ཁེབས་སོགས་བཅུ་གསུམ་ཚན། རིན་པོ་ཆེ་གདན་ས་པ་དང། དབུས་སྨྱོན་གདན་ས་པ་ལ་ཇ་སྡུམ། དར་ཡུག། གན་སྤོས། རབ་དཀར། གོས་ཁ་འབྲེལ། ཀྒ་བཏགས་རེ་རེ། འབྲུག་པ་གཅུང་རིན་པོ་ཆེའི་དྲུང་དུ་ཡང་འབུལ་སྐད་དེ་མཚུངས། སྤྱང་ལུང་ཚོགས་སུ་མང་ཇ། ཇ་སིག་སྡུམ་གྱི་འགྱེད། འདི་སྐབས་པཎ་ཆེན་རིན་པོ་ཆེ་ནས་བརྒྱུད་པའི་སྦྱོར་དྲུག། མཁས་གྲུབ་གཞོན་ནུ་གྲུབ་ཀྱིས་མཛད་པའི་ཕྱག་ཆེན་གའུ་མ། སྤྱན་སྔ་ལྷ་གཟིགས་རས་པས་མཛད་པའི་ཕྱག་ཆེན་ཆོས་དྲུག་རྣམས་ཞུས། གདན་ས་པས་གཙོ་མཛད་ཚོགས་ལ་རྡོ་རྗེ་ཕྲེང་བ་ཡང་བགྱིས། སྟག་ལུང་ཚོགས་སུ་ཇ་སིག་བཅུ་གཉིས་ཀྱི་འགྱེད། དཔལ་སངས་ནེའུ་ཐོག་ཏུ་མང་ཇའི་རྒྱུར་ཇ་སིག་སྦྲེལ་ཤིན་དུ་བཟང་བ། དཀར་ཡོལ་རྩེ་རིངས་བརྒྱའི་འགྱེད་རྣམས་བསྒྲུབས། ཚུར་ལམ་སྡེ་པ་བྲག་དཀར་བས་འབོད་མི་བྱུང་ནས་བཀྲ་ཤིས་ལྗོངས་སུ་ཕྱིན། ཞག་འགའ་ངལ་གསོ་བགྱིས། སྡེ་པ་ཡབ་ཡུམ་དྲུང་དུ་དགོངས་བཞེད་ཀྱི་དབང་ལུང་མང་དུ་ཕུལ་ཞིང། བོ་དོང་ཐམས་ཅད་མཁྱེན་པའི་ཚེམས། རྣམ་རྒྱལ་མཆོད་རྟེན་རང་བྱོན། གསེར་ལྗངས་བརྡུངས་ཀྱི་ཟེའུ་ལྷ་ཁང་དང་བཅས་པ། དེ་ཉིད་འདུས་ཆེན་བརྩོམ་དུས་ཀྱི་པཎ་ཞྭ་དར་ཆེན་མི་འདྲ་བ་བཅུ་དྲུག་གི་འདྲིལ་ལྐོགས་དང་