[A:205]བཅས་པ། ཐམས་ཅད་མཁྱེན་པ་ཉིད་ཀྱི་ཕྱག་དྲེག་འབྱར་བའི་སྦས་དོན་ལྷན་ཐབས་དང་བཅས་པའི་གླེགས་བམ་རྣམས་བཀའ་དྲིན་དུ་བསྩལ་རྗེས། མ་དྲིན་ཅན་གྱི་གཙོ་བྱས་འགྲེལ་པ་ཅན་འགའི་དོན་དང། རང་གི་དཀོར་སྦྱོངས་སུ་དམིགས། ལྷ་སར་ཇོ་བོ་རིན་པོ་ཆེ་ལ་གསེར་སྲང་གང་གི་ཞལ་གསེར། གསེར་ཞོ་གསུམ་སྐུ་ལ་ལྟོས་མེད་དུ་གཏོར་ཞིང། རྒྱུན་ལྡན་དུ་དར་ཆེན་གསེར་མདོག་ཡུག་གི་སྙན་དར་སྒྲོན་པ་དང། གཞན་ཇོ་བོ་ཐུགས་རྗེ་ཆེན་པོ་སོགས་སྙན་དར་འབུལ་དགོས་ཉེར་གཉིས་ཙམ་དང། ཞལ་གསེར་ཀྱང་ཐོབ་བྱ་ཀུན་ལ་མ་ཆད་པ། ར་མོ་ཆེར་ཇོ་བོ་མི་བཀྱོད་རྡོ་རྗེ་སོགས་ལའང་སྐུ་སྐལ་གྱ་ནོམ་པ་ཕུལ། གསེར་སྟོན་སྟེང་འབུལ་ཆ་དཀོན་གཉེར་ཆེན་མོར་ཇ་སྡུམ་བཟང་ངེས། གོས་ཕྱི་ནང། རབ་དཀར་རྩ་རིངས། སྤོས་ཆག། ཁ་བཏགས། ཞལ་གསེར་ཞུ་མི་ལ་ཇ་མགོ་སྤོར། དར་ཡུག། གོས་ཁ་འབྲེལ། རབ་དཀར། སྤོས་ཆག། ཁ་བཏགས། དེ་འོག་གསུལ་ལ་ཇ་ལྷ་ཉག་བདུན་རེ། གོས་ཁ་རེ། དཀར་ཡོལ། སྤོས་ཆག། ཁ་བཏགས་རེ་རེ། དེ་འོག་ལྔ་ལ་ཇ་ལྷ་ཉག་གསུམ་གསུམ། དར་ཁ་འབྲེལ། དཀར་ཡོལ། ཁ་བཏགས་རེ། དེ་འོག་བཅུ་ལ་ཇ་ཉག་རེ་དང་ཁ་བཏགས་རེ། དཀོན་གཉེར་ཆུང་བ་བཅུ་དྲུག་ལ་དར་ཁ་རེ་བགྱིས་ཏེ། གསེར་སྟོན་ཡང་དག་པའི་དཔེ་བཞག་བྱུང། དགེ་རྩ་དེ་དག་གི་བསྔོ་རྟེན་ཕ་ལོ་ཆེན་དྲུང་དུ་གསོལ་ཇ་བཟང་ངེས་པ་སིག་སྦྲེལ་ཅིག་ཕུལ། ལྷ་སར་སྡོད་རིན་བདེ་ཆེན་ནས་མཆོག་གི་སྤྲུལ་པའི་སྐུ་ཞྭ་དམར་ཅོད་པན་འཛིན་པའི་འབོད་མི་རིམ་ཅན་དུ་གནང་བའི་བཀའ་མ་ཆོགས་པར་ཞབས་དྲུང་དུ་ཕྱིན། དགོངས་དབྱིངས་རིན་པོ་ཆེར་སྦྱར་བའི་དབང་རྗེས་གནང་མང་དུ་ཕུལ། སླད་ནས་ཀྱང་