[A:37]པོས་ཡི་གེར་འགོད་པ་ལ་འདི་དག་ལས་མང་ཉུང་ལོགས་སུ་སྦས་པའི་དཔེ་ཡོད་རེ་ཀན་ཞེས་གཙིགས་ཆེན་པོས་གཡར་དམ་དུ་ལེགས་པར་བཞེས་པ་འདི་ལས། ཕྱོགས་འདིའི་ལོ་རྒྱུས་ཚད་མ་དང། སྨྲ་བ་པོ་འདི་ལས་ལྷག་པའི་བླ་མ་ཚད་མ་ཡང་རྙེད་པ་དཀའ་བའི་ཕྱིར། དཀར་ཆག་ཏུ་ཐེབས་པ་ཇི་སྙེད་དག་གི་ལམ་སྲོལ་འདིའི་ལུས་མ་ཚང་བ་མེད་ཅིང། ཡན་ལག་ཡོངས་སུ་རྫོགས་པར་ཡིད་མ་ཆེས་ན། སློབ་བརྒྱུད་སོ་སོའི་ཡི་གེ་རིགས་མཐའ་དག་མ་འཚོགས་ན། ལམ་འབྲས་བུ་དང་བཅས་པ་རྫོགས་པར་མ་ཐོབ་པའི་འཁྲུལ་རྟོག་གི་སྤྲོས་པའི་གཡེང་བས། ལམ་གྱི་རྐང་སྟོར་བ་ལ་འཚོགས་ཆས་སུ་ནམ་ཡང་མི་བྱ་སྟེ། འདི་ནི་ངེས་པའི་སྙིང་གཏམ་ཡང་དག་པའོ༎
དེ་ལྟར་ཟབ་རྒྱས་ཀྱི་གདམས་པ་ཞུ་དུས། ཨ་མ་དྲིན་ཅན་དེས། ཐོག་མར་ཚུགས་སྟོན། བར་དུ་སེམས་བསྐྱེད་ཀྱི་སྐབས། མཐར་ཆོས་ཀྱི་གྲོལ་སྟོན་རྣམས་ཆོས་ཉན་དང་བཅས་པའི་དེར་འདུས་ཐམས་ཅད་ལ་མང་ཇ་བསྙེན་བཀུར། རྗེའི་དྲུང་དུ་རིན་པོ་ཆེའི་མཎྜལ། ན་བཟའ་ཆ་ཚང་བ། གྱ་ནོམ་པའི་འབུལ་བ་ཡང་ལོ་རེ་བཞིན་བགྱིས། དེ་མཐར་བདག་ཆེན་བློ་གྲོས་པ་ནས་བརྒྱུད་པའི་གུར་ཞལ་གྱི་བཀའ་རྗེས་གནང། ལུང་མན་ངག། ཕྱག་ལེན་ཞལ་ཤེས་ཆེ་མོ་ཡང་ཐུགས་རྗེས་གཟུང། དེ་ནས་རང་ལོ་བཅུ་གསུམ་ལོན་པ་ལ་དབུས་གཙང་དུ་སློབ་གཉེར་ལ་ཆས་པའི་སྐབས་དེར། ཨ་ལ་ཨ་ཕྱི་རྣམས། དྲུང་པ་ཆོས་རྫེ་vc: རྗེཔ་ལ་སྐྱང། བྱང་སེམས་རིན་པོ་ཆེ་ངོས་ལ་མོས་ཞེན་ཆེ་བ་ཙམ་ཡོད་པའི་བག་ཆགས་ཀྱིས། སྐ་རགས་སྒྲུབ་ཕུག་ཏུ་རྐང་གཏད་ཕྱིན། ཞག་བདུན་ཙམ་གྱི་བར་ལ། ཕྱག་ན་རྡོ་རྗེ་འཆི་བདག་འཇོམས་པའི་དབང། རྡོ་རྗེ་ཚེའི་སྒྲུབ་ཐབས། ཁྲོ་མོའི་རྣམ་ཐར་དཔག་བསམ་འཁྲི་ཤིང་