[A:36]ཅོག་མ་ལུས་པ་ལྷན་དུ་བསྒྲིགས་པའི་བཤད་ལུང། རྗེས་མ་ཁྱེད་དཔུན་དབུས་གཙང་ལ་འགྲོ་བའི་རྫོང་ཆོས་ཡིན་གསུང། སྣང་གསུམ་སྐབས་ཟབ་མོ་མདོ་ལྔ། ལམ་འབྲས་ཆོས་འབྱུང་གིས་མཚོན་པའི་ལུང་རྒྱུན་ཡོད་དོ་ཅོག་ཞིབ་རྒྱས་དང་བཅས་པའི་ལམ་འབྲས་ཤིན་ཏུ་སྨིན་པར་ཐོབ། སླར་དགེ་འདུན་ཉུང་བསྡུས་ལ། ཏོག་རྩེ་བའི་བསམ་མི་ཁྱབ། ཌོམ་བྷི་བའི་ལྷན་ཅིག་སྐྱེས་གྲུབ། མཚོ་སྐྱེས་ཀྱི་ཟབ་པའི་ཚུལ་དགུ། ཀླུ་སྒྲུབ་ཀྱི་མཆོད་རྟེན་དྲུང་ཐོབ། ནག་པོ་སྤྱོད་པའི་གཏུམ་མོ་ལམ་རྫོགས། ནག་པོ་བའི་ཡོན་པོ་སྲོང་བ། ཨིནྟྲ་བོ་དྷིའི་ཕྱག་རྒྱ་ལམ། ངག་གི་དབང་ཕྱུག་གི་ཡི་གེ་མེད་པ་སྟེ། ལམ་སྐོར་ཕྱི་མ་བརྒྱད་ཀྱི་ཁྲིད། རྒྱ་བོད་ཀྱི་ཡིག་ལུང་མཐའ་དག་བྱིན་རླབས་སྒོ་གཉིས། སྒོ་དྲུག་ཆོས་འགྲེལ་དུ་གྲགས་པ། ཤནྟི་པའི་མདོ་རྒྱུད་བསྲེ་བ། རིན་ཆེན་རྡོ་རྗེ། ཛྙཱ་ན་ཤྲཱི། ཤེར་འབྱུང་བློ་གྲོས་རྣམས་ཀྱིས་ཏིང་ངེ་འཛིན་སེམས། འབྱུང་བ་ལུས་འཁྲུགས། ཕྱི་རོལ་གདོན་གྱིས་བར་ཆད་བསྲུང་བ་སྟེ་བར་གསུམ་སེལ་དུ་གྲགས་པ། ངག་གི་དབང་ཕྱུག་གྲགས་པའི་གཉུག་མ་དྲན་གསལ། ནཱ་རོ་པའི་ཕྱག་རྒྱ་ཆེན་པོ་སྡུག་བསྔལ་གསུམ་སེལ་རྣམས་ཀྱི་བཤད་ལུང་ཀྱང་བསྩལ། མདོར་ན་འབྲོག་མི་ལོ་ཙཱ་བ་ཆོས་ཀྱི་རྒྱ་མཚོ་དེ་ཉིད་ལ་བཀའ་བབས་པའི་ལམ་འབྲས། ལམ་སྐོར་ཞར་བྱུང་གི་གདམས་པ་རྣམས་ཚང་བར་ཐོས་ཤིང། གསུང་ལས་ཀྱང་ཀྱཻ་རྡོར་བཀའ་བབས་ཕྱི་མ་རྣམས་ལ་གཙོ་ཆེའི་ཆོས་སྣ་སུམ་ཅུ་དགུ་ཡིད་ཆེས་ཀྱི་གནས་སུ་ཡོད་པ་ལྟར། མན་ངག་ལུགས་ལ་ས་ཆེན་ཡབ་སྲས་གསུམ་གྱི་ལྷན་ཅིག་ཏུ་བསྒྲིགས་པའི་དཀར་ཆག་ཏུ་ཐེབས་པ། ཡིག་སྣ་དྲུག་ཅུ་མིག་ལྟར་གཅེས་པར་བསྐྱངས་དགོས་ཅེས་འདོམས་པའི་དོན་ལ་ཕྱིས་དཔྱད་པ་ན། རྗེ་བཙུན་ཆེན་