[A:213]ཁང་ཞིག་ཏུ་དཔལ་རིན་པོ་ཆེའི་སྐུ་ཚིགས་གཅིག་བྱུང་བས་ཟངས་མ་དང། ལྕགས་སླང་སོགས། སྣོད་གང་འདུག་ཏུ་མར་མེ་ཕུལ་བས། དེ་ནུབ་ཁྱིམ་དེའི་ནང་གི་གདུང་རྩ་ཚུན་གསལ་བར་གྱུར།
དེ་ནས་གཏིང་སྐྱེས་ཀྱི་དགོན་པ་དགའ་ལྡན་རྩེ་བྲག་དཀར། གསེར་གླིང་རྣམས་སུ་ཐོས་མཆོད་ཀྱི་མང་ཇ་གཟབ་རྒྱས་དང། མཁན་ཆེན་སངས་རྒྱས་འོད་ཟེར་བའི་དྲུང་དུ་བསྔོ་རྟེན་ཇ་ཐུམ་སོགས་དཔུས་གང་དག་ཕུལ་རྗེས་གསེར་སྲང་གང་གི་ཡིག་རྟེན་དང་བཅས་སྤྱང་ལུང་པ་གཉིས་གཏིང་སྐྱེས་ནས་ཕྱིར་སློག་ནས་གཏིང་སྐྱེས་སུ་ཞག་བདུན་ཙམ་བསྡད་རྗེས་རྒྱལ་སྲས་དངུལ་ཆུ་ཆོས་རྫོང་པའི་འཁྲུངས་ཡུལ་ཕུལ་ཆུང་ལ་བྱས། ལྷ་ས་རྫོང་དུ་སྡེ་པ་ཕྱོགས་ལས་པས་འབོད་མི་གནང་ནས་དྲུང་དུ་ཕྱིན། བཀའ་ཆོས་ཀྱི་འབྲེལ་སྔ་སོར་ངམ་རིང་དུ་ཕེབས་དུས་གུར་ཞལ་སོགས་ཀྱི་རྗེས་གནང་གསན་པས་སླར་ཡང་ཕྱག་ན་རྡོ་རྗེ་འབྱུང་པོ་ཀུན་འདུལ་གྱི་རྗེས་གནང་ཙམ་གསན་ནས་དེ་དུས་ངོར་པའི་གཉེར་ཆུང་ཀུན་དགའ་དོན་གྲུབ་པ་ཡང་འདུག་པས་ཁོང་ལ་བརྒྱུད་ནས་དཔོན་མགོན་པོ་བ་སྐུ་རྐྱང་ལ་ཚེ་དབང་ལྷ་དགུ་བསྟུད་མར་འབུལ་དགོས་པའི་སྐུལ་འདེབས་ཡང་ཡང་གནང་གི་འདུག་པ་ལ། སྡེ་པ་མ་ཆེན་ནས་ཀྱང་ཚེ་དབང་གསན་ན་ལེགས་སམ། ཚེ་དབང་འདི་ལེགས་བྱས་ཀྱི་རྩ་བ་ཡིན་པས་གཏན་མི་གསན་པ་འདི་རྟེན་འབྲེལ་ལ་ཅུང་མི་ཤོང་སྙམ་ཡང་ཡང་སྨྲས། ཡར་ལུང་པ་སེང་གེ་རྒྱལ་མཚན་པའི་ཡི་གེ་ཇི་ལྟ་བའི་བདག་ཆེན་བློ་གྲོས་རྒྱལ་མཚན་ནས་བརྒྱུད་པའི་གུར་ལྷ་བརྒྱད་ཀྱི་རྗེས་གནང་ཡབ་སྲས་ལྷན་ཅིག་གསན་ཅིང་གསེར་སྲང་གང་སོགས་འབུལ་བ་རྣམ་གཞག་བརྩེ་སྐྱོང་དཔག་མེད་མཛད་ནས་བྱང་ཕྱོགས་སུ་ཡོངས། ཆོས་རྒྱལ་ཡབ་སྲས་དང་མཇལ་ཞིང་