R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 216
[A:216]བར་མ་ཕྱིན་པར་ལམ་བསྲངས། བརྩེད་དུ་ཉིན་ཐལ་བྱས། དེ་ནས་རྨི་ལྟས་ལ་བརྙད་པའི་སྐོར་ཡང་ལ། ཡར་རྒྱབ་ཚོར་བང་ཆེན་རྫངས། ངེད་རང་དཔོན་སློབ་གསུམ་ཙམ་རང་རྩེད་པའི་ནང་དུ་བསྡད་ནས་ཁོང་རང་གི་མི་ངོ། ཕྱོགས་ཀྱི་རྟོགས་ལྡན་ཕོ་མོ་སོགས་མང་དག་ལ་ནི་གུའི་ཁྲིད་བཀའ་ཅིག་བཙུགས། གཞན་ཡང་ཚེ་དབང་བརྒྱ་རྩ་སོགས་དབང་རྗེས་གནང་འགའ་ཡང་ཡང་བྱས་པའི་སྐབས། ཉེར་ལྔའི་ནུབ་བྱང་སེམས་མ་ནཱ་རོ་མཁའ་སྤྱོད་མའི་དབང་གྲལ་དུ་སྐྱུར་གཟིའི་རྣམ་པས་ངུ་ལབ་མང་དུ་བྱེད་ཀྱིན་སྣང་བ་ལ་ཡིད་ཟ་བབ་ཙམ་བྱུང་རྗེས། དབང་གྲོལ་ནས་ཉལ་བའི་ཐོ་རངས་རྨི་ལམ་ལ་པུ་ཊ་བྷ་ཏྲ་སྲིང་མོ་གསེར་གྱི་པུ་གྲི་མ་གསུམ་མཚམ་སྐུའི་དབྱིབས་སུ་མཚམ་ཞིང། ཞལ་རས་ཟླ་བ་ཡར་ངོ་ལྟར་རྒྱས་པའི་གཟི་འོད་དང་བཅས་ངེད་རྣམ་པས་ལས་བྱས་ཡོད་པས་སླ་རྔན་དུ་བཏང་རག་ཐོང་ཟེར་བྱུང་བས། གཉིས་སད་བྱུང་འཕྲལ་དཔལ་འབྱོར་ལ་སྨྲས་ཤིང། དེའི་ནུབ་རྣམ་རྒྱལ་ལ་བསླུས་བྱས་པས་མ་སོང་བའི་ནུབ་ཏུ་འདུག། དེ་མཚམས་ནས་ནི་གུའི་ཁྲིད་གྲོལ་རྗེས་འབྲུམ་བུའི་བགས་vc: བགས?གང་ཆུང་གི་ངོས་ནས་སྐུ་ཆས་དྲེལ་ཁལ་གཉིས་ཙམ་དང་བཅས་ལམ་ལ་ཡང་འབྲུམ་བག་བྱུང་དོགས་ཐོ་རངས་བཤད་ནས་ཆུ་བར་ཆོས་རྫོང་དུ་ཕྱིན་པས་ཉི་མ་རྒས་ཁར་ཨོ་ང་བཞུགས་པའི་གཟིམས་ཁང་མཐོང་མི་མཐོང་གི་རི་སྣར་སླེབ་མཚམས། ངེད་རང་གི་ཉམས་ལ་ཁ་སང་རྨི་ལམ་དུ་བྱུང་བའི་ཨ་ཙཱ་ར་དཀར་མེ་བསོད་མི་དེ་འདྲ་བཞིས་ལམ་བཀག་ནས་མ་ཡོང་ཟེར་མགོ་བསྒྲིལ་གྱིན་འདུག་པས། དེ་མ་ཐག་རྟ་ཁ་སྒྱུར་ལོག་ཕྱིན་པས་དཔལ་འབྱོར་ན་རེ། ད་ཉི་མ་ཉེ་འདིར་སླེབ་ནས་ལོག་པས་མི་ཡོང། ལོག་ཀྱང་དོ་དགོངས་གནས་ཁང་ཡང་མི་རྙེད་ཅིས་ཀྱང་མི་