[A:218]པས། སྤྱན་ཡང་རབ་རིབ་རང་དག་ལ་སོང་ཞིང་ཐུགས་དད་མོས་ལྷག་པར་ཆེ་བ་བྱུང། དེ་སྐབས་ཨོ་ངའི་སྐུ་ཚེས་མ་ཟིན་ལུགས་ཀྱིས་རྒྱུ་ཚན་སྐྱེལ་མི་རྐང་གཏད་དང། རྣམ་རྒྱལ་གྱི་གནས་ཚུལ་འདི་ལྟར་བྱུང་ཚུལ་སྣང་མི་བརྐོས་མཁན་དཔལ་ལྡན་པ་ཉིས་སྦྲེལ་ཅིག་སླེབ་བྱུང་མཚམས་རང་ཀུན་དགའ་དཔལ་བཟང་གི་འབྲུམ་པ་མ་ཐར་པ་ནས་བློས་མ་ཕོད་པར་ཁོང་བསྙེགས་འོངས་པས་ལྷ་ཁུད་དུ་འཕྲད་ནས་ངེད་ཀྱིས་ཤར་ལམ་བྱས། ཁོང་དཔོན་སློབ་གསེར་མདོག་ཅན་ནས་བརྒྱུད་བསམ་གྲུབ་རྩེ་ལ་བྱས་ནས་ཁྲི་ཁང་དུ་དུས་བཏབ་པས་འཕྲད་ཉིན་ནས་སྐྱ་ནད་ཐུ་བར་སྔོན་པ་ཞག་གསུམ་ཙམ་བྱུང་རྗེས་འབྲུམ་བུ་ཡང་བ་རང་བྱུང་ནས་ཐར་རྗེས། འབྲུམ་པས་ན་ནས་ཤི་ན་ཕུང་པོ་སོགས་སྐྱུར་བ་ལ་ལས་སླ་བར་འདུག་སྙམ་ནས། སྔོན་གྱི་མཁས་གྲུབ་ཁྱུང་པོ་ལྷས་པ་གཞོན་བསོད་ནམས་པའི་དགོན་གནས་དེར་བྱས་པས་ལེགས་པར་བྱུང་ནས་སེམས་བདེ་ཞིང། དེ་བཞིན་གྱི་རྒྱུ་མཚན་འབུལ་བ་ཐུགས་དམ་གཏོར་མ་རྣམས་རྩེར་ཕུལ་ནས་རྩིབས་རི་བ་སོགས་སོགས་འབོད་པ་ལ་དཔལ་དབང་རྫངས་འབྲུམ་བག་སྟབས་ཞུ་ལོན་ལས་ཞུ་ཡིག་སོགས་ནི་མེད། དཔལ་དབང་སླེབ་མཚམས། རྩིབས་རི་བ་སོགས་གྲྭ་པ་རྣམ་པ་ཡང་མར་རྫོང་བ་བཀའ་དྲིན་བསྐྱངས་བྱུང་ཞིང། བླ་མ་རྩིབས་རི་བ་ངམ་རིངས་སུ་བསྡོད་པའི་རིང་ཡང་ལྷག་པར་ན་བ་ཡིན་པར་འདུག་ཀྱང། འ་ཕ་ཀྱེའི་སྨན་སོགས་ཀྱིས་དགའ་རབ་བྱུང་འདུག་ནའང། མར་ལམ་སྔར་གྱི་ན་བའི་སྟེང་དུ་མགྲིན་པར་རྣག་བསགས་པའི་སྐྲངས་པོ་ཤིན་ཏུ་ཆེ་བ། ལག་པ་ལ་ཡང་རྨའི་རྣམ་པའི་ཤུ་བ་འཇིགས་པ། ལུས་ཀུན་ལ་རྣག་དྲིས་མི་བཟོད་པས་བརྩེས། ངུ་བ་མིན་པ་མེད་པའི་ཉམས་ཐག་ཏུ་