R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 220
[A:220]སྦྱང་གི་རྩོམ་པ་ཡང་བགྱིས་ནས། སླར་བསམ་གྲུབ་རྩེར་གཉེར་ཆེན་རྣམ་པའི་འབོད་མི་འབྱུང་བ་བཞིན་ཕྱིན། ཚེ་རྟ་ཆོས་སྐྱོང་གི་བསྐང་གསོ་རྗེས་གནང་སོགས་ཇི་ལྟར་འདོད་བཞིན་པ་བསྒྲུབས། ཞོལ་པའི་བདེ་ལེགས་ཁང་གསར་བ་དང། ས་ཕུག་པ་སོགས་གྲངས་བསྡུས་མང་པོ་ལ་ཡང་ཚེ་དབང། ཆོས་སྐྱོང་གི་བཀའ་བསྒོ་སོགས་དང། ཆོས་སྡེ་བྲག་དམར་ནས་དབང་ཆ་གཅིག་ལ་གནས་བརྟན་ཤོ་བྲག་པས་གཙོ་མཛད་བཀའ་བཅུ་རབ་འབྱམས་རང་འབའ་ཞིག་ལ། ཞྭ་ལུ་པའི་ལུགས་ཀྱི་ཕྱག་རྡོར་གོས་སྔོན་ཅན་གྱི་དབང་བསྐུར་ཡང་བདེ་ལེགས་ཁང་གསར་བར་བྱས། དེ་དུས་ཆོས་སྡེ་བྲག་དམར་དུ་ཆོས་རྗེ་གཙུག་ནོར་བས་ངེད་ཁུ་ཚ་ལྷན་ཅིག་ཇ་ལ། འབོད་པ་གནང་བའི་དུས། ཁོང་པའི་མཆོད་སྟེགས་ཀྱི་སྤོས་སྐྱའི་ཁྲིས་ན་མཁན་ཆེན་རིན་པོ་ཆེའི་སྐུ་འདྲ་ལི་ལས་གྲུབ་པའི་གློ་བོར་བཞེངས་པ་ཞིག་ས་བརྗེན་ལ་རང་དགའ་གྱི་ནར་བཞག་སྣང་བ་མཐོང་བས་ཡིད་ལྷག་པར་སྐྱོ་བ་རང་བྱུང་ནས། འདི་བདག་ལ་གནང་ན་རུང་ངམ་ཞུས་པས། ཅི་བདེར་རྣམ་མཆོག་ངེད་ལ་དྲུང་ཆེན་ཆོས་སྐྱོང་བ་འདས་དུས་བྱུང་བ་ཡིན་གསུང་བ་གནང་གིན་འདུག། དེར་ལག་ཏུ་བླངས་ནས་མགོར་བཞག་བལྟས་རྗེས་ཕྱག་ནས་མ་རང་ཡིན་ཟེར་བའི་ཁ་ཡིག་འདུག་ཅིང། དེ་ནུབ་ཐོག་མར་ཁྲུས་གསོལ་ཡང་དག་བྱས་ནས་ཞལ་གསེར་ཞུས། ནམ་བཟས་བྲན། དཀར་མེ་ལྷ་བཤོས་སོགས་གཟབ་རྒྱས་ཕུལ་རྗེས་རེ་ཞིག་ཕྱག་མཆོད་ཀྱི་གཙོ་བོར་བསྐུར། ཕྱིས་ཡར་རྒྱབ་ཏུ་སྡེ་པ་རིན་པོ་ཆེའི་དྲུང་བདག་ཆེན་ཨ་ཚེ་བའི་ཞལ་སྔ་ནས་བསྔགས་པ་ཡང་ཡང་དག་དད་མོས་གནང་བའི་སྤྱན་རྒྱུགས་ཀྱི་ཐུགས་ལྷག་པར་མོས་གུས་ཆེས་ཆེ་བ་རང་གནང་བ་འདུག་པས་དགོས་གསུང་བའི་བཀའ་