[A:222]ཁང་པའི་འགྲམ་འདིངས་དུས་ཀྱང་བསམ་འགྲུབ་དགའ་ལྡན་པའི་གནས་བརྟན་རྣམས་ཀྱིས་ཀྱང་གདིང་བའི་ཁུད་དུ་ས་བསྣོམས་ནས་ལས་ཀ་མཛད་སྐབས། དེར་འདུས་ཀུན་གྱིས་མིག་ཤེས་ལ་ཕེབས་པའི་བྱ་རྒོད་དཀར་མོ་ཞིག་གི་སྤྲུལ་བསྒྱུར་དངོས་མཐོང་སྣང་ནའང། ཕྱིས་རང་རེ་ཡང་བྱ་བ་གཏད་མེད་དང། ཧོར་འཇིགས་སྟབས་རྫོང་ལས་ཀྱི་སྤྱན་ཉེས་བརྩིགས་པའི་དགོས་པ་དོར་བའི་ཤིང་ཆ་ཡང་ངེད་དབུས་ལ་སོང་ཤུལ་དྲན་ནས། ལྟ་གྱེང་རོར་སོང་བ་འདིར་གདའ། ས་གར་བསྡད་པ་ལ་ཆུ་འདི་རང་ལུས་ལ་ཕན་པར་འདུག་ཅིང། ནམ་ཡང་མི་ཡོང་བའི་དགེ་སྦྱོར་གྱི་སྒང་ལ་གཉིད་འདྲ་བའི་འོད་གསལ་ལ་ཆམ་ཆམ་འགྲོ་བ་གཞན་གྱིས་སད་དགོས་པའི་རྣམ་པ་གཏུད་མར་བྱུང། དེ་སྐབས་ཤུག་པ་རྐང་གཅིག་ཏུ་གུར་ཕུག་ནས་དེར་ཕྱིན། བལ་པོ་རྣམས་ཀྱིས་མཁའ་འགྲོ་རྒྱ་མཚོའི་སྤྲ་བཟོ་ཁྱེར་བྱུང་བ་ལ་བགེགས་སྤྲོད་དང་གཞིག་མལ་བྱས་དུས། ཆོས་རྗེ་བྱམས་པ་གླིང་པའི་བསྒྲུབ་ཐབས་ལྟར་ཡུམ་ཞབས་བརྐྱངས་པ་མཛད་འདུག་པ། ས་སྐྱ་པའི་བཞེད་པ་ལྟར་བྱིན་པ་གཉིས་ཀྱིས་མཁྱུད་པར་སྒྱུར། རིན་གླིང་ནས་དགེ་སློང་དཔལ་སྐྱབས་དྲུང་པ་སྙིང་རྗེའི་རང་གདངས་ཅན་བ་ལུང་པ་དཀོན་མཆོག་བསྟན་པའི་དྲུང་དུ་ཞུ་ཡིག་ཇའི་རྟེན་བཅས་བསྐུར་ནས་ཆོས་ཞུ་བ་ལ་བརྫངས། དེར་རིན་གླིང་དུ་ཟླ་ཕྱེད་ཙམ་བསྡད་རྗེས་ཡུལ་ས་སྤེར་སྐྱས་ནས་དེར་ཆོས་རྗེ་དགེ་བཅུ་བ་བྱམས་པ་མང་ཐོས་རབ་གསལ་བའི་དྲུང་དང། ལོ་བུ་གདན་ས་པ་ནམ་མཁའ་རྒྱལ་མཚན་པ། དྲུང་བུདྡྷ་བ། རང་རེའི་དབོན་པོ་ཀུན་དགའ་དཔལ་བཟང་པོ་རྣམས་ལ་དབང་རྡོ་རྗེ་ཕྲེང་བ་བསྐུར་ཞིང། ཆོས་རྗེ་རྣམ་པ་དཔོན་སློབ་ལ་ཐོག་མར་བརྟག་གཉིས་གཞུང་རྐྱང་ལུང་དུ་བར་ཆད་