[A:223]བསེལ་བ་ལ་བསྒྲགས་རྗེས། རྡོ་རྗེ་གུར་དང། སཾ་བྷུ་ཊི་ལ་བླ་མ་གོང་མའི་མཆན་ས་དཔྱད། གུར་ལ་གུར་རྒྱན་དང། སཾ་བྷུ་ཊི་ལ་གནད་ཀྱི་གསལ་བྱེད། རྗེ་བཙུན་སྐུ་མཆེད་ཀྱི་ཡིག་སྟེངས་ནས་ཟབ་བཤད་རང་བློས་ཅི་འདོམས་ཕུལ། དེ་སྐབས་གུར་གྱི་ཞབས་ན་རྡོ་རྗེ་སློབ་དཔོན་གྱི་སུར་བསྡུ་བ་ཡོད་པའི་ཚིག་བཀྲ་འགེགས་པ་ལ་གུར་ཉིད་ཀྱི་ནང་གི་ལས་རྒྱས་པའི་ཚེ་དཔག་མེད་པས་ཚེ་སྤེལ་བྱེད་ཅེས་པའི་ཚིག་གིས་འཕྲོས་བླངས་ནས་ཚེ་མདོའི་རྒྱས་བཤད་རེ་བྱེད་པ་ཕྱག་རྒྱུན་ཡིན་ནའང་དཔེ་གཏན་ནས་མ་རྙེད་པས། སློབ་དཔོན་ནས་རས་ཆེན་པ་ལ་བརྒྱུད་པའི་ཚེ་དབང་དེ་བྱས་དུས། ཚེ་མདའ་ལ་ཆད་མངོན་ཙམ་བྱུང་བ་རྣམས་སྐྱེས་བུ་ཆེན་པོ་མང་ཐོས་པ་དེ་ཉིད་སྐུ་ཚེ་རིང་པོ་མི་བཞུགས་པའི་བལྟས་སུ་འདུག། ཁོང་རྣམ་པའི་བཀའ་ཆོས་གྲོལ་མཚམས་ཆོས་རྒྱལ་ཆེན་པོའི་དྲུང་དང་མཇལ་ཞིང་བཀའ་ལུང་ལ་ངེད་ཕུ་ཆུང་ལ་ཆབ་བཞུགས་ལ་འགྲོ་བས་དེ་བར་ལྷ་ལྕམ་ལ་རྒྱུན་གྱི་ཐུགས་དམ་བྱེད་རྒྱུའི་རྣལ་འབྱོར་མའི་བྱིན་རླབས་ཅིག་གནང་བ་དང། ཆུ་ཚན་ནས་འགུག་དང་བསྟུན་དུས་འཁོར་རྩེར་ཕེབས་ནས་རྡོ་རྗེ་ཕྲེང་བའི་དབང་ཅིག་ངེད་རང་གཅིག་པུ་ལ་གནང་དགོས་གསུང་བའི་བཀའ་ལུང་བཞིན། དཔོན་ས་ལྷ་ལྕམ་དྲུང་དུ་ཐོག་མར་སྨིན་བྱེད་ཡབ་བདེ་མཆོག་ནག་པོ་པའི་ལུགས་ཀྱི་མངོན་རྟོག་vc: རྟོགསའབྲེལ་པའི་དབང་དང། དེ་རྗེས་ཡུལ་རྡོ་རྗེ་རྣལ་འབྱོར་མ་ནཱ་རོ་མཁའ་སྤྱོད་མའི་བྱིན་རླབས་ཕུལ་ཞིང་དེ་དུས་ཀུན་དགའ་དཔལ་བཟང་པོ། ཀུན་དགའ་རྡོ་རྗེ། སྨིན་གྲོལ་རྒྱལ་མཚན་པ་གསུམ་ལ་ཡང་དཀྱིལ་འཁོར་དེ་ཉིད་དུ་ནག་པོ་པའི་དབང་བསྐུར་ནས། བལ་པོ་རྣམས་ལ་རྒྱ་སྒོམ་གྱི་གསེར་སྐུ་མདའ་གང་མ་གཅིག་བཟོ་བའི་ལས་དབུ་ཡང་བཙུགས་ཏེ།