R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 225
[A:225]ཀྱི་ལེགས་གཞི་འབད་མེད་དུ་ཐིངས་ཞིང། མཁའ་འགྲོ་རྒྱ་མཚོའི་ཕྱག་མཚན་རྣམས་ཀྱང་རེ་རེ་ནས་བླུགས་སུ་བྱས། དབྱིབས་བཀོད་ཕྲ་མོ་ནས་ཁ་ཏས་ཁྱབ་པ་བགྱིས། སླར་ཕྲེང་བའི་དབང་གྲུབ་རྗེས། ཀྼ་ཡའི་ཁ་བསྐང་དགེ་ལེགས་ཀྱི་དཀྱིལ་འཁོར་གསུམ་དུ་དབང་འབུལ་ཉིན་གོང་ནས་ཀྱི་ཕྱག་ཕྱིར་ཕན་ནེ་བཀྲ་ཤིས་ནས་སླེབ་པ་ལགས། དེ་ནས་དབྱར་སྟོད་དེ་མཁའ་སྤྱོད་བདེ་ལྡན་རང་དུ་བསྡད་རྗེས། དབྱར་གུང་གདན་སར་ས་སྐྱ་བཀའ་འབུམ་གྱི་ལུང་ཞུ་བ་ལ་ཕྱིན། དེ་དུས་གདར་ས་ན་ནད་ཡམས་ཆེར་པོས་ཉིན་མཚན་གཉིས་ཀ་རོ་བསྐྱེད་པས་མི་འདང་བའི་རོ་ལས་པ་མི་འབྱོར་པ་ཙམ་གྱི་ཞེ་སུན་རང་འདུག་པས། བླ་བྲང་སེང་གེ་སྒང་དུ་ནུབ་འུས་ཉལ་རྗེས་ཁ་འུའི་བྲག་སྒོར། བསྙགས། ལས་ཆེན་ཡེ་ཤེས་ལྷུན་གྲུབ་པ་ཡང་གནས་དེ་ཉིད་དུ་གདན་དྲངས་ནས་ཐོག་མར་རྗེ་བཙུན་གོང་མ་ལྔའི་བཀའ་འབུམ་གཡས་རུ་བྱང་ནས་ཕོ་ཐབས་ཞུས་པ་དེ་སྟེངས་ནས་ཉིན་རེ་བཞིན་དུ་ལུང་འགྲོ་ཆེ་བའི་ངང་ནས། མཐར་འཕགས་པ་རིན་པོ་ཆེས་རྒྱ་ནག་གི་རྒྱལ་པོ་ལ་ལོ་གསར་གྱི་བཀྲ་ཤིས་རབ་འབྱེད་པར་རྫོགས་པར་ཞུས་ནས་སླར་རིག་གཏེར་རང་འགྲེལ་ལ་དྲིས་མལ་གྱི་སྒོ་དུ་མས་ལུང་བཤད་ཡིད་ཆེས་པ་རང་དང། ས་སྐྱ་རང་དུ་གྲགས་པའི་གྲངས་ཆེན་བཅོ་བརྒྱད་དེ་བར་vc: ཕརཚད་འདུལ་མངོན་མཛོད་རྩ་འཇུག་ཞི་vc: བཞིགསུམ། སྤྱོད་འཇུག་ཚད་མ་མདོ་རྣམ་པར་ངེས་པ་བྱམས་ཆོས་ལྷག་བཞི་སོ་སོ་ཐར་པའི་མདོ་སྡོམ་རིག་གཉིས་ཏེ་བཅོ་བརྒྱད་ཀྱི་ལུང་ཞུས་ཤིང། ལས་ཆེན་ཉིད་ལ་ཚེ་དབང་དང། ནི་གུའི་དམིགས་པའི་གནད་ཙམ་གྱི་བཀའ་ཆོས་ཕུལ། ཁའུ་པའི་སྒྲུབ་པ་པོ་རྣམས་ལ་ནི་གུའི་གཞུང་བཀའ་ཉེར་ལྔ་དང་འབྲེལ་བའི་དམིགས་པ་འདོམས་ཆེ་བ་དང། ཁ་ཨུའི་ཆོས་