R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 227
[A:227]ནག་པ་དུང་གི་རྣ་རྒྱན་ཅན་ཅིག་བྱུང། གང་ནས་ཡོངས་བྱས་པས་ཁའུ་ནས་ཡིན། གློ་བོ་ཆོས་རྗེའི་ཕྱག་དམ་འདི་སྐྱེལ་དུ་བཏང་བ་ཡིན་ཟེར་ཡི་གེ་ལ་རྒྱ་མ་གཅིག་སྤྲད། དེ་གནས་རྙིང་ཆོས་རྗེའི་ཡུམ་གྱིས། ཕྱག་ཚགས་གནང། ཨ་ཙ་ར་ལ་གཟིམས་ཁང་གི་སྟེང་གཡབས་ཤིག་ཏུ་ཟ་མ་དང་ཉལ་ཆས་སྤྲད་ནས་བཞག་པས་ནང་པར་ནམ་ལང་དུས་གར་སོང་ཆ་མེད་ཅིང། ཕྱི་ལ་འགྲོ་བ་ལ་ནི་འདོགས་ཁྱི་བོང་བུ་ཙམ་པ་ཁ་སྤྲད་དང། སྒོ་རྣམས་རིམ་ཅན་དུ་བཅད་ཡོད། སྟེང་ནས་ཐོག་བཞི་ལ་འབབས་མེད། ད་ཅི་ཡིན་ཞེས་འཇིགས་ཤིང་ཐེ་ཚོམ་དུ་གྱུར། མདང་གི་ཡི་གེ་ཁ་ཕྱེ་བས་ཚིག་བཅད་དུ་བགྱིས་པའི་དོན་རྩ་ལ། གནས་རྙིང་པ་དང། འབྲུག་པ་འཐབ་པའི་སེར་དམག་བསོག་པའི་སྐབས་ཡིན་པས། ཁྱེད་རྣམ་པ་གཉིས་ཀ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཡིན་པར་ཁས་བླངས་ནས། འདི་ལྟར་སེམས་ཅན་མང་པོ་ཉམ་ཐག་ལ་འགོད་པ་ག་ལ་རིགས་ཟེར་བའི་ཁྲེལ་འདེད་དུ་འདུག་པས། གནས་རྙིང་པའི་དབུ་ཆེ་ཆེ་བསྒྲེས་ཡོ་འཚོགས་ནས་བསྟན་པས། འདི་ཁའུ་ནས་ཡིན་ཟེར་ལུགས་ཀྱིས། ཨ་ཙ་ར་དེ་ཞལ་བཞི་པ་ཡིན་ཐག་ཆོད་ཅིང། ཆོས་རྗེ་གློ་བོ་དེ་ཡང་བསྟན་པ་རིས་མེད་པ་ལ་དག་སྣང་ཅན་རང་གི་ཐུགས་འབྱོངས་པ་ཅིག་སྣང་ཟེར་བས། ཁོང་གི་བཀའ་ལ་འགལ་ཀྱང་རང་རེ་ལ་བྱུས་ཉེས་དམའ་ཕབ་སོགས་ཅི་ཡོང་མི་ཤེས་འཇིགས་ཟེར་སེར་དམག་བཤོལ་ངེས་ཡིན་ཅིང། ཡི་གེ་ལ་ཞལ་བཤུས་པའི་མྱང་སྟོད་ཕལ་ཆེར་ཁྱབ་འདུག་ཅིང། ངེད་རང་གི་མིག་ཡུལ་དུ་ཡང་འབྲོང་རྩེར་ཕེབས་བྱུང་ངོ༎ དེ་དུས་འབྲུག་པས། འབྲུག་པ་རང་དབང་གི་རྟོགས་ལྡན་དགོན་པ་ཡོ་བསྐུལ་ཞིང་དམག་འཚོག་པ་ར་ལུང་དུ་བྱས། གནས་རྙིང་ནས། གནས་རྙིང་