R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 228
[A:228]པ་རང་གི་མངའ་འོག་དང་གངས་ཅན་བཀྲ་ཤིས་ལྷུན་པོ་སོགས་རི་བོ་དགེ་ལྡན་པར་རྟོགས་ཚད་ཀྱི་དམག་རྒྱབ་དཔུང་ཆེ་བ་བསགས་པས་ཕན་ཚུན་བསད་གཞི་དང་ཆོས་པའི་བགྱི་བ་སྟོངས་པ་ཡོང་ངེས་ལ་ཨ་ཙཱ་ར་དེས་གོ་ཆོད་སྣང་ཞིང། ཕྱིས་དཔོན་དྲུང་བློ་བདེ་བ་དང་མཇལ་དུས། དེ་དུས་བཀའ་བསྲུངས་བང་ཆེན་ལ་གནང་བ་དེ་མིན་ན་ལུང་པ་ཁྲག་མཚོར་འགྲོ་ངེས་ཡོད། གཞིས་ཀ་དང་འདི་གཉིས་ཀ་ནས་བསྒྲིགས་ཚོམ་བར་མིའི་ལུགས་ཀྱི་སྐུ་ཚབ་རེ་ཡོད་ཀྱང། གཉིས་ཕྱོགས་ནས་བསན་དགོངས་གང་ཡང་མེད་པའི་དུས་ཐུག་རང་ལ་ཡེ་ཤེས་ཀྱི་དགོངས་ནས་བཀའ་དྲིན་བསྐྱངས་བྱུང་ལགས་གསུང་ཞིང་དེ་དུས་ཀྱི་ཡི་གེ་ངོས་མ་མང་ཁོང་པའི་ཕྱག་ཏུ་འདུས་སྣང་ལ། དེའི་ཡིག་ཤོག་ཐེལ་ཚེ་སོགས་ཡུལ་གང་གི་ས་ནས་ཡོངས་གཏན་མི་མཚོན་པ་ཅིག་འདུག་གོ༎ དེ་ཁ་འུར་བསྡོད་རིན་གྱི་ཆས་དང། མགོན་པོའི་བསྐང་གསོའི་རྒྱུ། ཐུགས་ཆེ་བ་གཅིག་སོགས་བྱང་ནས་བཀའ་དྲིན་བསྐྱངས་ཤིང། གཏིང་སྐྱེས་ནས་ཀྱང་ཆས་འཐུད་ཡང་ཡང་སྐྱེལ་མི་གནང། དེ་ལོ་ས་སྐྱ་སོགས་སྐྱ་མུག་ཆེ་བར་འདུག་པ་ལ་ངེད་དཔོན་སློབ་སྐྱིད་དུ་ཚོར་བའི་ཆས་འབད་མེད་བྱུང། དེ་ནས་ཆོས་མཐར་ཕྱིན་ནས་ཁ་འུའི་ཕུ་བརྒྱུད་གཏིང་སྐྱེས་སུ་ཕྱིན་ཆོས་རར་བསྡད་ནས་སྡེ་པ་རིན་པོ་ཆེ་དང། དཔོན་པོ་ཀུན་དགའ་དཔལ་བཟང་པས་གཙོ་མཛད་ལ་ས་སྐྱ་བཀའ་བུམ་གྱི་ལུང་དག་གསལ་རང་གིས་ཕུལ་བའི་ས་པཎ་གྱི་བཀའ་འབུམ་སོང་མཚམས། སྟག་རྩེར་སྟོང་ཧོར་རྒྱུགས་པའི་འཇིགས་ཆེ་བའི་ཐུགས་དཀྲོག་བྱང་ཚོར་ཡང་བྱུང་ནས་ལྷ་རྩེ་བརྒྱུད་པའི་གནས་ཚུལ་གྱི་ཕྱག་དམ་དང། ཧོར་བཟློག་ལ་དམིགས་པའི་དྲུག་ཅུ་པ་དགོས་གསུང་བ་ཕེབས་ནས། ཕྱག་རྟགས་ཕེབས་ཉིན་