R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 231
[A:231]ཤིང། དེ་དང་དུས་ཉེ་འབྲེལ་དུ་རྭ་ལུང་དུ་ཨ་མ་བདག་མོ་བསྒྲེས་མོའི་དྲུང་བསྙུང་ནས་བདག་ལ་དབུ་སྔས་མགོར་སོང་གསུང་བའི་བཀའ་སྒྲུབ་པ་ལ་མཚམས་བཀྲོལ་ནས་ཕྱིན་པས། རྒོངས་ཁ་སླེབ་འཕྲལ་ཁྲོ་བོ་རྨེ་བརྩེགས་ཀྱི་གྲིབ་བསེལ་དང་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་བཀའ་ཕུལ་རྗེས། སྲོད་ཁྱེར་ལ་སྐུ་ཚེའི་འཕེན་པ་སྟོངས་སྐབས་བདག་གིས་ཀྱང་དབུ་སྔགས་མགོར་ལག་པ་དབུ་ཐོག་ཏུ་བཞག་ནས་གནས་ལུགས་ཀྱི་ངང་དང་སྙིང་རྗེའི་རང་ངོ་ཅི་འཕེལ་བསྐྱངས་ཤིང། ལྷ་པར་ཆོས་རྗེ་སྒྲུབ་ཆེན་པས་རྟགས་གྲོལ་སྙན་དུ་སྒྲོག་པ་སོགས་སྔར་གྱི་ངོ་སྤྲོད་སོས་འདེབས་གནང་བས་གཤེགས་ལུགས་ཡ་མཚན་པ་དང། སྐུ་ཚིགས་སོགས་ལའང་འཇའ་འོད་བཀྲ་བཟང་ནས་བརྒྱུད། རྭ་ལུང། ངམ་རིང་བར་དུ་སྦྲེལ་བའི་མིག་ཡོད་ཀུན་གྱིས་མཐོང་བའི་བརྫུན་དང་བསྒྲོས་བསྐུར་མེད་པ་བྱུང། བདག་རང་གི་བསམ་པ་ལ་བདག་མོ་རྗེ་བཙུན་དྲུངྒཞོན་ནུ་རབ་བྱུང་མི་ཚེ་ཆོས་ལ་སྐྱལ་བ་ལ་ངོས། ཨ་མ་བདག་མོ་བའི་གྲོང་རྟགས་འདི་རེ་བ་ལ་བསམས་རང་རེའི་མི་རྔུན་དང་བསྟུན་པའི་གཟུགས་ཆོས་ལ་ཡིད་འབྱུང་བ་བྱུང་ངོ༎ དེར་ཨ་མ་བདག་མོ་བའི་མཚན་སྦྱངས་ཞུ་བ་སོགས་ཀྱང་དགོངས་པ་ལྟར་བྱས་ཤིང། དབུའི་གཙུག་གཡུ་དེ་སྦྱངས་ཡོན་དུ་གནང་བ་ཇོ་གདན་ཚོགས་པའི་ཞབས་ཏོག་ལ་འདྲེ་བའི་དཔུས་སླར་ཕུལ་བྱས། དེ་རྗེས་དཔོན་ས་རྗེ་བཙུན་དྲུན་གི་ངོ་ལེན་ལོ་ཆེན་དྲུང་ཡོན་མཆོད་ཤ་མ་ཡིན་པས་ཕེབས་དགོས་རྒྱུར་འདུག་ཀྱང། རྗེ་བཙུན་མ་བསྙུང་སྐབས་སྐུ་ཚིགས་གསོལ་བའི་བསྙུང་གཡོག་དཀའ་བའི་རྣམ་པ་ལ་ཐུགས་ལོག་ནས་གཤེགས་ཁར་སྤྱན་མ་འདྲོངས་པ་ནས། ཡང་ངེད་ལ་བཀའ་ལུང་བྱུང་བ་བཞིན་ཕྱིན། གསང་ཐབས་