[A:232]སུ་སྤུར་ཞུ་བྱས་པས་གདོན་བརྩེད་ཀྱི་རྣམ་པས་ཞུགས་བཞེས་པ་ལྷག་པར་དཀའ་ཞིང། བསྲེགས་རྫས་རྣམས་མེས་སྦྱངས་ཀྱང་སྐུ་གདུང་རིལ་སེར་ལུས་པ་བྱུང་བས། དྲུང་སྒྲུབ་པ་པོ་འཇིགས་བྱེད་ཀྱི་ཧྲཱིཿ་ཥྚི་དུང་སོང་བའི་སྔགས་ནུས་ཅན་རང་གི་སྙན་གྲགས་ཡོད་པས་བགེགས་བསྐྲོད་སོགས་གནང་ཡང་ཁྱད་ཅི་ཡང་མ་བྱུང་བར། གོང་ནས་དྲུང་ཐུགས་ལྷག་པར་འཚབ་པའི་སྐབས། བདག་ཅག་གིས་བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་གསལ་བཏབ་པའི་ནས་ཀྱི་འབྲུ་ཞིག་གིས་བགེགས་གཞོམས་བགྱིས་འཕྲལ་མེ་བཞེས་ནས་དེ་ནུབ་རང་གདུང་རུས་ཀྱང་བསྡུས་ནས་ལོ་ཆེན་དྲུང་དུ། བདག་ལ་བསྲེགས་ཆོག་གི་ཡོན་དུ་བསྩལ་བའི་བཅུ་གཅིག་ཞལ་གྱི་དངུལ་སྐུ་དང། སེམས་དཔའ་གཞོན་ནུ་རྒྱལ་བ་མཆོག་པའི་ཡིན་ཟེར་བའི་དབུས་ཆའི་གཏོར་ཏེབ་ལྔ་ཚར་ཡ་མགུ་མ་མགུ་དང་བསྒྲགས་པ་ཅིག་བྱུང་བ་རྣམས་དང་གདུང་རུས་ཐེལ་འབྱར་འབུལ་བ་ལ་ཉིན་དཀར་བ་དཔལ་འབྱོར་རྒྱལ་མཚན་པ་བརྫངས། དེ་མཚམས་སྤུར་བཞུའི་དུད་པས་རྐྱེན་བྱས་པའི་ཁམས་ལྷག་པར་འཁྲུགས་པ་ཟླ་སྦྲེལ་ཙམ་བྱུང། དེར་སྔར་གྱི་བསྙེན་པའི་ལྷག་བསྐྱངས་ནས་མཁའ་འགྲོ་རྒྱ་མཚོའི་སྐུ་ཡང་ལེགས་པར་གྲུབ་སྟེ། བདག་གི་ལག་ན་ཡོད་པའི་རྒྱ་སྒོམ་གྱི་གདུངvc: Text fügt doppelt ein: 'gro rgya mtsho'i sku yang legs par grub ste/ bdag gi lag na yod pa'i rgya sgom gyi gdungརིན་པོ་ཆེའི་གར་བུ་རིང་བསྲེལ་བྱེ་བའི་བང་མཛོད་ཅན་དུང་གཡས་འཁྱིལ་གསུམ་གྱིས་རྒྱན་པ་དེ་ཉིད་གསེར་གྱི་ཕྱེ་མ་དང་གསེར་ལྗང་གདུང་གི་བསྒྲིལ་ནས་ཆོས་ཀྱི་རྒྱལ་པོ་ཆེན་པོ་རང་གིས་ཕྱག་བདར་ཏེ་བཅོམ་ལྡན་འདས་ཀྱི་ཐུགས་དཔལ་གྱི་བེ་འུར་འཇུག་པ་གནང་ཞིང། རྩ་ཞལ་དུ་རིང་བསྲེལ་བདུན། གཞན་ཞལ་རྣམས་ལ་གསུམ་