[A:233]གསུམ། སྟེ་ས་ཞལ་ལ་ལྔ་དང། ཡང་ཕག་མོ་དཀར་དམར་གྱི་སྐུ། གསལ་བར་དོད་པའི་སྐུ་གདུང་རིང་བསྲེལ་ཅན་སྔར་གྱི་སྐུ་གདུང་གི་དུམ་བུ་དེ་ཉིད་ཡུམ་རྡོ་རྗེ་ཕག་མོའི་ཐུགས་ཀའི་ཡེ་ཤེས་སེམས་དཔར་བཞུགས་སུ་གསོལ་ཞིང། དེ་ལས་གཞན་སངས་རྒྱས་ཀྱི་འཕེལ་གདུང་བླ་མ་གོང་མ་སོ་སོའི་བྱིན་རླབས་རིན་པོ་ཆེས་བྲིས་པའི་གཟུངས། རིན་པོ་ཆེ་དུ་མ་སོགས་གནོད་སྦྱིན་འཁོར་ལོའི་བར་དུ་ལེགས་པར་ཕྱག་བཞེས་གནང་ཞིང། སྔར་གྱི་རྒྱ་སྒོམ་པའི་སྐུ་འདྲ་དེ་ཡང་ལྷན་ཅིག་གཟུངས་བཞུགས་བགྱིས་ནས་སྤྱི་འགྲོའི་གཟུངས་བྱིན་རླབས་འདྲ་བ་ལ། ལྷག་པར་དེ་གོང་བཞེངས་པའི་རྒྱ་སྒོམ་རང་གི་སྨན་སྐུ་དབུ་ན་གདུང་རིང་བསྲེལ་ཙན་དན་དཀར་པོའི་གའུ་གང་དང། མགྲིན་པ་ན་བདག་གིས་གཏིང་སྐྱེས་སུ་ལན་སྔ་མ་བསྒྲུབས་པའི་བདུད་རྩི་རིལ་བུ་དང་སྒོང་ཙམ་སོགས་བྱིན་རླབས་དཔག་མེད་བཞུགས་པ་དེ་ནང་བཞུགས་མཛད་ནས་གོང་ནས་རིན་པོ་ཆེ་དང། ཀུན་དའ་དཔལ་བཟང་པོས་ཕྱག་ཕྱི་བགྱིས་ཏེ་ལེགས་པར་སྒྲུབ་པ་སྣང། བདག་གི་གསེར་གྱི་ཟ་མ་ཏོག་ཉིད་ལ་རིང་བསྲེལ་ཕྲ་ཚོམས་སུ་བཀོད་པའི་ཁས་བཀོད་ལ་གྲིམས་ཤིང།
དེ་ནས་རྟེན་དེ་གསུམ་ལ་བགེགས་སྤྲོད་ཆས་བཞུགས་ཟབ་པ་རང་དང་བཅས་ཟིལ་ཆེ་བར་བསྒྲུབས་རྗེས། དབང་གིས་ཆས་གོས་མཆོད་གཏོར་སོགས་དང་བཅས་གྷ་ཎ་པ་ཏིའི་ལྷག་གསོལ་ཡང་རྒྱས་པ་ལས་སྒྲུབ་ཀྱི་ཆས་མཆོད་དང་བཅས། བ་སུ་དྷ་རའི་མཆོད་པ་རྣམས་སྔོན་རྒྱ་གར་གྱི་ལག་ལེན་ད་ལྟ་བལ་པོ་ན་ཡོད་པའི་པཎྜི་ཏ་ཨ་ཙཱརྱ་ཛེ་ཐམས་ཅད་མཛད་པའི་སྤང་མཐོང་བའི་མིག་ཅན་བཟོ་བོ་རྣམས་དཔང་བཞག་ཏུ་སྒྲུབས་རྗེས། གཟའ་སྐར་གཤིས་ཤིང་དགེ་བ་ལ་རབ་གནས་དངོས་ཀྱི་ལེགས་བྱས་བསྒྲུབ་པའི་སྐབས་