[A:40]ཤར་སོགས་ཀྱི་རྟེན་གསུམ་གནས་མཇལ་ལ་ཟླ་ཕྱེད་ཞིབ་ལེན་བྱས། ཁ་འུའི་བྲག་རྫོང་དུ་ཀུན་སྤངས་རིན་པོ་ཆེ་ལ། དཔལ་མགོན་ཐིམ་པའི་བྲག་སྒོ་དེ་ཉིད་དུ་ཞལ་བཞི་པའི་རྗེས་གནང་ཞུས་པས། ཏི་སེ། བསིལ་བ་ཚལ་སོགས་ཆོས་སྐྱོང་གི་གནས་རྣམས་ནས་མགོན་པོ་འཁོར་བཅས་ལིང་ལིང་འབྱོན་པའི་སྣང་བ། ཡེ་ཤེས་དབབ་རིང་ལ་གསལ་བར་བྱུང་ཞིང། དབང་བཀའ་རྗེས་གནང་ཞུས་སོ་ཅོག་ལ་དེ་འདྲའི་ཟིལ་ཡོང་མི་དྲན། ཕྱིས་རང་གི་སློབ་མ་དམ་ཚིག་ཅན་འགའ་རེ་ལ་རྗེས་གནང་བྱེད་དུས། རང་རྒྱུད་ལ་སྔར་གྱི་མྱོང་བ་དེ་ཇི་ལྟ་བ་ལན་འགའ་རེ་གསལ་བར་བྱུང།
དེ་ནས་ཟླ་བ་གཉིས་པའི་དང་པོའི་ཚེས་ལ་ཆོས་གྲྭ་གསེར་མདོག་ཅན་དུ་སླེབ་པའི་དཔྱིད་ཆོས་ནས་སློབ་གཉེར་བཙུགས། སློབ་དཔོན་རིན་པོ་ཆེའི་ཞལ་མངའ་vc: སྔནས་ཉིན་རེ་བཞིན་ཐུན་མོང་ཟིན་ཐུན་དང། བསྡུས་སྦྱོར་རྩི་བ་རྒྱུན་ལྡན་དུ་བྱས། དེ་ལོ་སྤྱི་ཆོས་ལ་སྡོམ་གསུམ་ཊིཀྐ་ཉིད་ཀྱིས་མཛད་པའི་སྟེང་ནས་བཤད་ལུང། གསེར་ཐུར། བྱ་པ་དྲིས་ལན་སོགས་གནས་འདིའི་ཡིག་ཆ་རྫོགས་པར་བྱུང། ཞོགས་པ་སྔར་མངའ་རིས་སུ་གཟུང་བའི་ཕར་ཚད་སྡོམ་རིག་སོགས་ཀྱི་གཞུང་བརྗེད་གསོའི་རྣམ་པས་བལྟ་རྟོག་བྱས་དུས། རང་ཡུལ་དུ་བརྒྱ་ཚར་མང་པོའི་བཤར་སྦྱངས་སྨིན་པའི་ནུས་པས་ཚིག་ཕྱེད་ལ་ཡང་འཁྲུལ་མེད་གཞུང་གནོན་པ་མི་ནོན་པ་ཙམ་བྱུང་བ་དེས་སློབ་དཔོན་རིན་པོ་ཆེ་དགྱེས་པ་རབ་ཀྱི་མཐར་ཕྱིན་ཏེ། ཨ་ལ་འབྱོན་ལམ་སར་སྦྱང་འབྲུ་ཅིག་མ་མཛད་པ་ལ། གཙང་ཞིང་མ་འདྲེས་པར་གཞུང་ཆེན་འདི་རྣམས་ཐོགས་མེད་དུ་ཐོན་པ་མི་བརྗེད་པའི་གཟུངས་ཐོབ་པ་ཡང་རང་དུ་འདུག་གོ་གསུང། བདག་ཅག་རྣམས་ལ་གསར་ཆོས་སུ་ཚེ་དབང་གྲུབ་རྒྱལ་མ། སེང་གེ་གདོང་