R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 41
[A:41]ཅན། འཇམ་དཀར། དབྱངས་ཅན་མ། མི་གཡོ་བ་དཀར་པོ། རྣམ་སྲས་སེར་ཆེན། རྣམ་སྲས་དཀར་པོ། རྣམ་སྲས་དྲག་པོ་རྣམས་ཀྱི་རྗེས་གནང་རྣམས་གནང། དབྱར་ཆོས་འབྲུམ་བུའི་རྩེར་བས་ཆོས་རའི་སྤྲོས་པ་བཅད། ནང་མཚམས་བསྡམས། གུང་ཚིགས་སྟེངས་སུ་སློབ་དཔོན་མཁས་པའི་ཞལ་ལས། སྔོན་པཎ་ཆེན་རིན་པོ་ཆེ་ལ་ཆོས་རྗེ་བློ་གྲོས་རྒྱལ་མཚན་པས་གསན་དུས། ངེད་རང་གིས་སྐྱོར་མགོ་བྱས་པའི་གསུང་རྒྱུན་ཇི་ལྟ་བ་ལ་ཚིག་ཕྱེད་ཀྱང་འཁྲུལ་མེད་ཡིན་གསུང་བའི་རྟགས་རིགས་ཚང་བར་བཏང་ཞིང། ཕྱིས་རི་ཞིང་ན་དེ་དུས་ཀྱི་ཕྱག་དཔེ་དངོས་མཐོང་བས་ཇི་ལྟར་གསུང་བ་བཞིན་དུ་འདུག་པས་ཤིན་ཏུ་ངོ་མཚར་ཆེ་བའི་ཡིད་ཆེས་སླར་ཡང་སྐྱེས། དུས་དེར་ངེད་ཡུན་ལ་ཉེ་ཐུང་དུ་དགོང་ཇ་གྲལ་སྟེངས་སུ། སྙན་ངག་དཔག་བསམ་འཁྲི་ཤིང་གི་ཡལ་འདབ་གསུམ་བཞི་རེའི་ལུང་མ་ཆད་པར་རྫོགས་པར་བསྩལ། སྟོན་ཆོས་ཀྱི་དབུ་བཙུགས་ཙམ། རིག་གཏེར་རང་གྲོལ་vc: འགྲེལ?ཟིན་དུ་ཉེ་བ་ན། ཨ་ཇོ་ལ་འབྲུམ་བུས་བཏབ། གློ་བུར་ཨེ་ཝཾ་དུ་ནད་གྲོས་བྱས་ཕྱིན། དེར་ཆོས་རྗེ་ངོར་ཆེན་དྲུང་དུ་ཚེ་དབང། སྒྲོལ་དཀར། ཆོས་སྐྱོང་གི་བཀའ་བསྒོ་ཙམ་བླ་མ་གོང་མའི་དབང་ཁང་དུ་མནོས་ནས། ནད་བསྲུངས་ལ་དམིགས་སྣ་ཚོགས་ཡུམ་གྱི་སྒོམ་ལུང་ཞུས། གྲངས་བསྙེན་རྫོགས་པར་བྱས། རང་འགྲེལ་གྱི་མཇུག་ཚང་བར་བློ་ལ་ཚུད་རྗེས། དགོན་ནང་ཕལ་ཆེར་འབྲུམ་བུས་ཁྱབ་པ་ལ་བརྟེན། ཡང་དགོན་རྩེར་བྲོས། དེར་སྔར་ལྷན་དུ་ཡོངས་པའི་གྲྭ་པ་སློབ་གཉེར་བ་ཤ་སྟག་ཉི་ཤུ་རྩ་གྱྣིས་ཡོད་པ་ལ། ཨ་ཇོས་སྣ་གྲངས་བཅུ་དགུ་གུམ། ངེད་རང་གསུམ་ལུས་པའི་སྣང་ཚུལ་དེ་ལ་བརྟེན། ཉིན་མཚན་འཁོར་མར་སྐྱེ་བས་ས་ལ་མི་ཆགས་པ་ལྟ་བུ་བློ་རྩེར་ཡུན་